国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱངས་ལྡེའུ་འམ་སྐལ་བཟང་བསྟན་པ་ནི། ༢༠༠༣ལོར་བོད་ལྗོངས་བྲག་གཡབ་རྫོང་གི་ཆར་གཏོགས་རྒྱ་འགའི་གྲོང་ཚོར་སྐྱེས། ༢༠༢༣ལོ་ནས་བཟུང་བརྩམས་ཆོས་སྐོར་ཞིག 《གངས་དཀར་རི་བོ》《འདན་གླིང་རྩོམ་རིག》《ཨ་མའི་བྱམས་བརྩེ》《རིག་མཛོད》《དུང་སྒྲ》《ཚེས་རི》《ཁྱུང་ཆེན་རིག་པའི་གཤོག་རླབས》《རྨ་དགོན་གསེར་འཁོར》《ཁམས་པའི་ཚགས་པར》《རྔ་བའི་ཚགས་པར》《བོད་ལྗོངས་ཉིན་རེའི་ཚགས་པར》《བོད་ལྗོངས་ཁྲིམས་ལུགས་ཚགས་པར》《གཞིས་ཀ་རྩེ་ཉིན་རེའི་ཚགས་པར》 《མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར》 《གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་རྩོམ་རིག་དྲ་བ》《རྒྱལ་ཡོངས་ས་ཆེན་དྲ་བ》《མདོ་ལ་བོད་ཡིག་དྲ་བ》《ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ》《མཚོ་ལྷོ་བོད་ཡིག་དྲ་བ》《གངས་ལྗོངས་འཕྲིན་གསར》བཅས་ཀྱི་སྟེང་དུ་སྙན་རྩོམ་བཅུ་ཕྲག་ལྔ་ལ་ཉེ་བ་ཙམ་ཞིག་སྤེལ་མྱོང་ལ་རྩོམ་རིག་གི་བྱ་དགའ་དང་གཟེངས་བསྟོད་ཀྱང་མི་ཉུང་བ་ཞིག་ཐོབ་མྱོང་། ད་དུང་བོད་ཀྱི་རྩོམ་རིག་གི་སྡིངས་ཆ་ཆེན་མོ《ང་རོའི་ཆོ་འཕྲུལ་ཚང》གི་ཚོགས་མི་བཅས་ཡིན་ནོ།།