国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁོང་ཚོའི་རྐང་རྗེས་ཞིང་འབྲོག་གི་རི་ལུང་ཀུན་ཏུ་ཁྱབ།

“མཐོ་སྒང་ཨ་མའི”ལས་དོན་ས་ཚུགས་ཀྱི་རུ་མིས་བྱིས་པ་ཚོར་ཐུགས་ཁུར་ཟབ་མོ་གནང་བཞིན་པ།

“མཐོ་སྒང་ཨ་མའི”ལས་དོན་ས་ཚུགས་ཀྱི་རུ་མི་ཚོའི་བརྩེ་དུང་ཟབ་མོ་སྨན་ཤོར་ཡུལ་གྲུར་བཅངས།

མཁན་པ་ནི་ས་མཐོ་གྲང་ངར་ཆེ་བའི་རི་བོ་མཐོན་པོའི་རྩེ་རུ་སྐྱེས་ཤིང་། སྐྱེས་སའི་ཁོར་ཡུག་རླུང་ཆེ་ལ་ཁ་བ་བུ་ཡུག་འཚུབ་པ། དབྱང་རླུང་དཀོན་པའི་ས་ཆ་ཡིན། སྡེ་དགེ་རྫོང་མི་དམངས་ཁྲིམས་ཁང་གི“མཐོ་སྒང་གི་ཨ་མ”ཞེས་པའི་ལས་དོན་ས་ཚུགས་ཀྱི་ཁུངས་མི་རྣམས་ནི་མཁན་པ་དང་འདྲ་བར་རྩ་བ་མདོ་དབུས་མཐོ་སྒང་གི་ས་གཞི་ཆེན་པོའི་སྟེང་དུ་བརྟན་པོར་ཚུགས་ཡོད། ཁོ་ཚོའི་བློ་བརྟན་ནི་གངས་རི་དང་མཚུངས་ལ། ཁོ་ཚོའི་ཁོག་རྒྱ་ནི་རྒྱ་མཚོ་དང་འདྲ་ཞིང་། འཇམ་ལ་བརྟན་པའི་རང་གཤིས་དང་ཐབས་དང་སྤོབས་པ་གཉིས་ལྡན་གྱིས་མཐོ་སྒང་གི་དཀའ་ངལ་ཡོད་པའི་བུད་མེད་དང་བྱིས་པ་ཚོར་སྲུང་སྐྱོབ་བྱས་དང་བྱེད་བཞིན་ཡོད།

སྒྲོག་འགྲེལ་གྱི་གསུང་སྐད་སྙན་མོ་རི་ལུང་ཡོངས་སུ་ཁྱབ།

ལོ་རེའི་དབྱར་འགོ་འཛུགས་པའི་སྐབས་སུ། ལྷིང་ཞིང་འཇགས་པའི་དབྱར་རྩྭ་དགུན་འབུ་རྐོ་གནས“ཨན་ལུང་རི་བོ”ནི་ལྷིང་འཇགས་མིན་པ་ཞིག་ཏུ་ཆགས་ཏེ། ཞོགས་པའི་ཉི་འོད་གངས་རིའི་སྟེང་དུ་འཕྲོ་སྐབས། “མཐོ་སྒང་ཨ་མའི”ལས་དོན་ས་ཚུགས་ཀྱི་དྲིལ་བསྒྲགས་རུ་ཁག་གི་དྲིལ་བསྒྲགས་པ་རྣམས་ཀྱིས་རིར་བསྡད་པའི་རིགས་མཐུན་བུད་མེད་རྣམས་ལྷན་འཛོམས་བྱས་ཏེ་གཏིང་ཟབ་ཅིང་སྟབས་བདེ་བའི་དྲིལ་བསྒྲགས་ལས་དོན་སྤེལ་འགོ་ཚུགས་ཤིང་། རི་ལ་གནས་སྡོད་བྱེད་པའི་དབྱར་རྩྭ་དགུན་འབུ་རྐོ་མཁན་བུད་མེད་རྣམས་ཀྱི་བདེ་ཐང་དང་ཁེ་དབང་འགན་སྲུང་བྱེད་བཞིན་ཡོད།

ཁོ་ཚོས་ས་བབ་མཐོ་ལ་གྲང་རླུང་འཁྱག་མོ་གཞི་ནས་བརྗེད་པ་ལྟར་དེ་གའི་བུད་མེད་ཚོར་བརྩེ་དུང་དང་གཅེས་སེམས་ཟབ་མོ་བཅངས་ནས་རང་རྒྱུད་ཀྱི་ཤེས་བྱ་དང་སྤོབས་པ་ཡོད་ཚད་ཅིག་ཅར་དུ་སྤྲོད་འདོད་སྐྱེས།

འབྲོག་ཁུལ་བུད་མེད་ཀྱི་བདེ་ཐང་ཤེས་བྱ་དཀོན་པའི་གནད་དོན་མདུན“མཐོ་སྒང་ཨ་མའི”ཁུངས་མི་ཚོས་ལག་གདང་མཉམ་སྦྲེལ་དང་།དཔུང་པ་མཉམ་གཤིབས་ཀྱིས་རི་སྒང་དང་འབྲོག་ར་བརྒྱུད་དེ་འོ་མ་བཞོ་མཁན་དང་རྟ་ཁྲིད་མཁན། ཟོག་དང་ལུག་ཁྱུ་འདེད་མཁན། ཐབ་འགྲམ་ནས་ཟ་མ་བཟོས་མཁན་གྱི་ཡུལ་དངོས་གང་མང་མང་ཞིག་ལ་སོང་ནས་ཁུངས་མི་ཚོས་འབྲོག་ཁུལ་གྱི་བུད་མེད་དང་འཚོ་གནས་ཁོར་ཡུག་རྣམ་པ་སྣ་ཚོགས་དང་འཕྲད་པ་དང་།ཁྱིམ་ཚང་རེ་རེ་ལ་སོང་ནས་བུད་མེད་ཀྱི་བདེ་ཐང་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་པར་མ་ཟད། བུད་མེད་ཀྱི་འཕྲོད་བསྟེན་ཡོ་བྱད300ལྷག་སྤྲད་པ་རེད།དེ་བཞིན་ཁོ་ཚོར་རང་སྟོབས་རང་གཅེས་དང་། ཞུམ་མེད་འབད་བརྩོན་བྱས་ནས་འཚོ་བ་དར་རྒྱས་ཡོང་བར་སྐུལ་ལྕག་བྱས་ཏེ་གཅེས་སྐྱོང་ཚད་མེད་གནང་ཡོད།

བརྩེ་སེམས་དྲོད་མོ་མྨན་ཤོར་གྱི་ཡུལ་གྲུ་ཀུན་ཏུ་ཁྱབ།

ཞོགས་པའི་སྨན་ཤོར་ནི་ཆུ་ཕྲན་གྱི་བཞུར་སྒྲ་དང་། ཐབ་ཁུང་ལས་འབུ་ཤིང་འབར་བའི་ཚག་སྒྲ། འབྲིའི་སྐེད་ལ་བཏགས་པའི་དྲིལ་ཆུང་གི་སྒྲ་སོགས་ཀྱིས་ཁེངས་ཤིང་།སྨན་ཤོར་ས་ཆའི་མི་རྣམས་ཆུང་དུས་ནས་ལག་ཤེས་བཟོ་རྩལ་དང་མཉམ་དུ་འཚར་ལོངས་བྱུང་ཞིང་། ཁྱད་དུ་འཕགས་པའི་ལག་ཤེས་བཟོས་རྩལ་དང་སྒྱུ་རྩལ་གྱི་རྣམ་པ་དེས་སྨན་ཤོར་ས་ཆ་རུ་འཚོ་བ་བྱེད་པའི་བུད་མེད་ལ་ཉམས་འགྱུར་མི་འདྲ་བ་ཞིག་མངོན་ཡོད།

འཚོ་བའི་གར་སྟེགས་ཆེན་མོའི་ཁྲོད་དཔའ་ངར་ལྡན་པའི་བུད་མེད་དེ་ཚོས་ཁྱིམ་ཚང་གི་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་ནས་བློ་བརྟན་འགྱུར་མེད་ངང་ཁྱིམ་ནང་གི་འགན་གཙོ་བོ་འཁུར་བཞིན་ཡོད། ཁོ་ཚོའི་འཚོ་བའི་གནས་ཚུལ་དང་དཀའ་ངལ་ལ་དམིགས་ནས།“མཐོ་སྒང་ཨ་མའི”ལས་དོན་ས་ཚུགས་ཀྱིས་ས་གནས་མི་འདྲ་བའི་ཁྱད་ཆོས་ལ་བསྟུན་ནས་གྲོང་ཚོ་དང་ཁྱིམ་ཚང་ལ་བསྐྱོད་པའི་བྱ་ཐབས་སྤྱད་དེ་ཁྱིམ་ཚང་རེ་རེ་བཞིན་འཚམས་འདྲི་བྱེད་པ་དང་ཁྲིམས་སྐྱོང་སྐོར་གྱི་དྲིལ་བསྒྲགས་བྱེད་ཀྱི་ཡོད། “ལྟོས་དང་། སྒོ་རའི་ནང་ཀུ་ཤུ་སྡོང་པོ་ཡོད་པར་མ་ཟད་པད་ཚལ་

བྱམས་སེམས་དྲོད་མོ་རྒྱང་ཐག་རིང་བའི་འབྲོག་རར་བསྐྱལ།

ཡང་བཏབ་འདུག་ལ།འཚོ་བར་ཡིད་ཆེས་ཀྱིས་ཁེངས་པས་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་ངེས་རེད”ཅེས་པའི་སྐད་ཆ་འདི་ནི་“མཐོ་སྒང་ཨ་མའི”ལས་དོན་རུ་ཁག་གི་རུ་མི་རྣམས་ཀྱིས་འཚམས་འདྲིར་སོང་སྐབས་རྣ་བར་ཐོས་པའི་སྐད་ཆ་མང་ཤོས་དེ་ཡིན། ལས་དོན་རུ་ཁག་དེའི་རུ་མི་ཚོས་གྲོང་ཚོའི་ལས་བྱེད་པ་དང་མཉམ་དུ་སྨན་ཤོར་གྱི་བུད་མེད་ནི་འཚོ་བར་དཀའ་ངལ་ཡོད་ནའང་ནམ་ཡང་འཚོ་བར་མགོ་མི་སྒུར་བ་ཤ་སྟག་ཡིན་པ་བདེན་དཔང་བྱས་ཡོད།

དགུན་དུས་ཀྱི་ཞོགས་པར། རི་སྒང་ལ་ཁྱབ་པའི་སྨུག་པ་སྟུག་པོ་རིམ་བཞིན་ཇེ་སྲབ་ཏུ་གྱུར་ཅིང་། ལྷིང་འཇགས་ཀྱི་མ་ཎི་གད་མགོ་ནམ་ལངས་པ་དང་ཆབས་ཅིག་ཏུ་ལྷོད་ལྷོད་ངང་མིག་ལམ་དུ་གསལ། རྩྭ་ཐང་སྟེང་དུ་ལས་དོན་རུ་ཁག་གི་རུ་མི་རྣམས་ཀྱི་འོག་གི་ཐང་ཆེན་གདན་དུ་བྱེད་ཅིང་།སྟེང་གི་ནམ་མཁའ་གདུགས་སུ་བྱས་ཏེ་གདོང་ལ་འཛུམ་གྱིས་ཁེངས་བཞིན་ས་གནས་དེ་གའི་བུད་མེད་དང་བྱིས་པ་ཚོར་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད། ཁ་བ་བུ་ཡུག་དང་གྲང་ངར་འཁྱག་མོའི་ཁྲོད་དྲིལ་བསྒྲགས་བྱེད་མཁན་དང་ཉན་མཁན་ཚང་མའི་སེམས་ནི་དེ་ལས་ལྡོག་དེ་དྲོད་ལྷང་ལྷང་ཡིན་པ་རེད། གནས་སྐབས་ཀྱི་འཆད་ཁྲིད་ཁྲོད། “མཐོ་སྒང་ཨ་མའི”ལས་དོན་ས་ཚུགས་ཀྱི་རུ་མི་གསུམ་གྱིས་མངལ་སྦྲུམ་པར་ལྟ་སྟངས་ཡང་དག་ཇི་ལྟར་འཛིན་ཚུལ་དང་ལོ་ན་མ་སོན་པའི་བུ་ཕྲུག་ལ་སྲུང་སྐྱོང་ཇི་ལྟར་བྱེད་ཚུལ། ཐོན་སྐྱེད་དུས་ཡུན་མེད་པ་དང་སྤུས་ཚད་ཚད་ལྡན་ཆོག་མཆན་མེད་པ། ཐོན་སྐྱེད་བཟོ་གྲྭ་མེད་པ་བཅས་གསུམ་མེད་ཀྱི་ངོ་བྱུགས་མཛེས་འཆོས་ཐོན་རྫས་དང་ཚོ་བྱང་ཐོན་རྫས་ལ་ཇི་ལྟར་འགོག་ཚུལ་ཐད་དྲིལ་བསྒྲགས་གང་མང་བྱས་ཡོད་པས་ཉན་མཁན་ཚོར་སེམས་འགུལ་ཆེན་མོ་ཐེབས།

ད་ཐེངས་ཀྱི“མཐོ་སྒང་ཨ་མའི”ལས་དོན་ས་ཚུགས་རུ་མི་ཚོས་ཆུ་རྒྱུད་དེ་ནས་གོང་ཕྱོགས་ལ་ཅུང་ཙམ་འགྲོ་ཡ། ཡར་ཕྱོགས་ལ་དུད་ཚང་ཡོད་བསམ་བསམ་རེད་ཅེས་བཤད་ནས་ཡང་དྲིལ་བསྒྲིགས་སྤེལ་འགོ་བརྩམས། ཐེངས་དེའི་འཚམས་འདྲི་བྱེད་སྒོ་སྤེལ་ཡུལ་ནི་དགུན་དུས་ཀྱི་འབྲོག་ར་གཙོ་བོར་བྱས་ཏེ་ཐང་དང་གཙང་ཆུ་བརྒལ་ནས་སྡོད་གནས་ཁ་ཐོར་གྱི་ཁྱིམ་ཚང་རེ་རེའི་སྒོ་ཁར་བསྐྱོད་དེ་ཁྲིམས་ལུགས་ཁྱབ་གདལ་བྱས་པ་རེད། གོས་འཁྲུད་བཞིན་ཡོད་པའི་ཆུ་ཕྲན་གྱི་འགྲམ་དང་བེའུ་འདེད་བཞིན་པའི་ལམ་འགྲམ་སོགས་གང་ས་གང་ལ་ཐོན་དུས་བུད་མེད་དང་བྱིས་པའི་འཚོ་བའི་གནས་ཚུལ་རྒྱུས་ལོན་ཟབ་མོ་བྱས་ཏེ་དེ་གའི་བུད་མེད་དང་བྱིས་པ་ཚོར་སྐུལ་ལྕག་བྱས་ནས་འཚོ་བར་དྲོ་སྐྱིད་དང་རེ་བས་ཁེངས་སུ་བཅུག་པ་རེད། “མཐོ་སྒང་ཨ་མའི”ལས་དོན་ས་ཚུགས་ཀྱི་རུ་མི་རྣམས་ནི་མཐོ་སྒང་གི་ཉི་འོད་བཞིན་དཀའ་ངལ་ཡོད་པའི་བུད་མེད་དང་བྱིས་པ་ཚོའི་དཀའ་གནད་བསལ་ནས་དགུན་རྒྱ་སྟག་འདྲ་མོ་ཕར་ལ་བསྐྱལ།དཔྱིད་བསིལ་རླུང་འཇམ་པོ་ཚུར་ལ་བསུས་ནས། སྐལ་བཟང་མེ་ཏོག་ས་ཁ་ནས་མྱུ་གུ་འབུད་པ་བཞིན་མ་འོངས་པའི་བདེ་སྐྱིད་ཀྱི་འཚོ་བར་རེ་སྒུག་གིས་ཁེངས་བཞིན་ཡོད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)