国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེར་ཤུལ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཁེ་ལས་སྡེ་ཚན་ལ་ཁྲིམས་ལུགས་སྐོར་གྱི་ཆེད་དོན་སྒྲོག་འགྲེལ་སྤེལ།

སྒྲོག་འགྲེལ་བྱེད་སྒོའི་ཡུལ་དངོས།

ཉེ་ཆར། གཞི་རིམ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པ་དང་། མཉམ་སྐྲུན་མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་ཞིག་འཛུགས་ཆེད། རྒྱལ་ཁབ་གློག་དྲྭ་སེར་ཤུལ་རྫོང་གློག་འདོན་སྤྱི་གཉེར་ཁང་གིས་སེར་ཤུལ་རྫོང་མི་དམངས་ཞིབ་དཔྱོད་ཁང་གདན་འདྲེན་ཞུས་ནས2025ལོའི་ཁྲིམས་ལུགས་དྲིལ་བསྒྲགས་ཁེ་ལས་སུ་སྤེལ་བའི“སློབ་ཚན་དང་པོ”འཚོགས་པ་རེད། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་འོག་བྱ་སྤྱོད་དངོས་ལ་བརྟེན་ནས་ཁྲིམས་ལུགས་ཁེ་ལས་ལ་དམིགས་ནས་དྲིལ་བསྒྲགས་བྱས་པ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་ངོ་ཐུག་ནས་སྤེལ་དེ་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གིས་སྤུས་ཚད་མཐོ་བའི་ཞིབ་བཤེར་ཁེ་ལས་ཐུན་མོང་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པའི་དམིགས་འབེན་མངོན་འགྱུར་གང་ཐུབ་བྱས་པ་རེད།

སེར་ཤུལ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཡུལ་དངོས་སུ་ཁྲིད་སྟོན་བྱས་པ་དངPPTཡི་རྣམ་པ་དང་ཟུང་འབྲེལ་བྱས་ནས་གློག་འདོན་སྤྱི་གཉེར་ཁང་གི་ལས་བཟོ་པར་ཉེས་ཁྲིམས་རགས་བཤད་དང་། ཉེས་བཟོ། ཁྲིམས་གཅོད། རྒྱུན་མཐོང་གི་ལས་འགན་ཉེས་བཟོ་བཅས་བརྗོད་གཞི་བཞི་ལ་དམིགས་ནས་གསལ་བཤད་བྱས་པ་དང་། ཉེས་ཁྲིམས་རགས་བཤད་དང་། ཉེས་བཟོའི་ཞིབ་བཤེར་ངོས་འཛིན་བྱེད་ཚུལ། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་བཅས་ལ་འགྲེལ་བཤད་དང་དཔེ་མཚོན་གྱོད་དཔེ་ཟུང་འབྲེལ་བྱས་ནས་ཕྱོགས་ཡོངས་ནས་འགྲེལ་བཤད་བརྒྱབ་པ་རེད། སློབ་ཁྲིད་ཁྲོད་གཙོ་གནད་གྱོད་སྒྲུབ་ལག་ལེན་དང་གྱོད་དཔེ་ཟུང་འབྲེལ་བྱས་ནས་ཁེ་ལས་སུ་ཐོན་སླ་བའི་ལས་གནས་ཉེས་བཟོའི་འབྲེལ་ཡོད་ཉེས་མིང་དང་གཞི་རྩའི་བཅའ་ཁྲིམས་ཤེས་བྱ། བཅའ་ཁྲིམས་མཇུག་འབྲས་སོགས་ལ་གསལ་འགྲེལ་ཟབ་མོ་བྱས་པ་དང་།“ཉེས་མིང་དང་གྱོད་དཔེ”རྣམ་པའི་ཐོག་ནས་གྱོད་དོན་ལ་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་རྒྱག་པ་དང་། ལས་གནས་ཉེས་བཟོའི་འབྱུང་རྐྱེན་དང་ཁྱད་ཆོས། གནོད་འཚེ་སོགས་ལ་དབྱེ་ཞིབ་བྱས་པ་རེད། གཞི་རིམ་ཏང་འཛུགས་སྐྱོང་གསབ་རེས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱ་ཆེད།《སེར་ཤུལ་རྫོང་མི་དམངས་ཞིབ་དཔྱོད་ཁང་དང་རྒྱལ་ཁབ་གློག་དྲྭ་སེར་ཤུལ་རྫོང་གློག་འདོན་སྤྱི་གཉེར་ཁང་གི་ཞིབ་བཤེར་ཁེ་ལས་ཐུན་མོང་འཛུགས་སྐྲུན་གྲོས་མཐུན》གྱི་ནང་དོན་ལག་ལེན་དོན་འཁྱོལ་བྱས་ཏེ། ལས་གནས་ཉེས་བཟོ་སྔོན་འགོག་བྱེད་པའི་བསམ་ཕྱོགས་དང་བསམ་འཆར་བཏོན་པ་དང་། ཁེ་ལས་ཀྱིས་ཁྲིམས་སྐྱོང་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ་དང་། རང་ངོས་སྤྱོད་གཙང་དང་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་བརྒྱབ་སྟེ་ལས་བྱེད་པ་དང་ལས་བཟོ་པས་གྱོད་གཞི་མཚོན་དཔེ་བྱས་ཏེ་སྤྱོད་གཙང་ངང་འགན་འཁྲི་བསྒྲུབས་ནས་བཅའ་ཁྲིམས་སློབ་སྦྱོང་དང་བེད་སྤྱོད། བརྩི་སྲུང་ཏན་ཏིག་ཡོང་བར་སྐུལ་བ། ཁེ་ལས་ཀྱིས་ཁྲིམས་དང་སྒྲིག་སྲོལ་ལྟར་ཐོན་སྐྱེད་ལས་སྒྲུབ་བྱེད་སྒོ་སྤེལ་བའི་གལ་ཆེའི་རང་བཞིན་ནན་བཤད་བྱས་པ་དང་ཆབས་ཅིག། ཁེ་ལས་ཀྱིས་མི་མངོན་པའི་བཅའ་ཁྲིམས་ཀྱི་ཉེན་ཁ་སྔོན་ལ་ངོས་འཛིན་བྱེད་རོགས་བྱས་ཏེ་བཅའ་ཁྲིམས་ཀྱི་ཉེན་ཁ་སྔོན་འགོག་ནུས་པ་ཏན་ཏིག་ཆེ་རུ་བཏང་ནས་ཚང་མས་ཁེ་ལས་གཉེར་སྐྱོང་ཁྲོད་བཅའ་ཁྲིམས་ཀྱི་གལ་ཆེའི་རང་བཞིན་ངོས་འཛིན་གཏིང་ཟབ་ཐུབ་པ་དང་། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་འོག་ཁྲིམས་སྐྱོང་འདུ་ཤེས་མི་སེམས་སུ་བརྟན་པོར་ཟུག་ཐུབ་པ་བྱས་ཡོད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)