国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

༄༅།། 2024ལོར་དཀར་མཛེས་ཁུལ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི“གྲུབ་འབྲས་རེའུ་མིག”བཏོན་པ་དང་། ཁུལ་ཡོངས་སུ་གྱོད་དོན1533ཐོ་འགོད་བྱས་ཏེ། མི1581ལ་ཆད་པ་གཅོད་པ་དང་། མི60ཉར་འཇོག་བྱས་ཡོད།

༄༅།། དཔྱིད་གསར་དུས་ཆེན་རིང་ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་ཁྲི79.86ལ་སྣེ་ལེན་བྱས་ནས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི87845.56ལ་ཟིན་ཡོད། ན་ནིང་ལོ་ལས་བརྒྱ་ཆ13.63དང་བརྒྱ་ཆ13.78སོ་སོར་འཕར་ཡོད།

༄༅།། དཔྱིད་གསར་དུས་ཆེན་རིང་ཁུལ་ཡོངས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱིས་ལས་གནས་བརྟན་སྲུང་བྱས་ནས་ཁྲོམ་རའི་ཆེད་དོན་ཞིབ་བཤེར་བྱ་སྤྱོད་ཏན་ཏིག་སྤེལ་བ་དང་།“12315”འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ཞུ་གཏུག་བློ་འདྲི་ས་ཚུགས23དང་ཞབས་ཞུའི་འགན་ལེན་ས་ཚུགས9བཙུགས་ཡོད།

༄༅།། ཉེ་ཆར་ཞིང་ཆེན་སྲིད་གཞུང་གིས2024ལོའི་སི་ཁྲོན་ཞིང་ཆེན་སྐར་རིམ་དེང་རབས་ཞིང་ལས་གླིང་ཁུལ་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཡོད་དེ། དཀར་མཛེས་ཁུལ་གྱི་གླིང་ཁུལ9མིང་ཐོ་དེའི་ནང་ཚུད་ཡོད།

༄༅།། ད་ལོར་དཀར་མཛེས་ཁུལ་གྱིས་སྒོར་ཁྲི1920བཏང་ནས་རིག་ནུས་དྲ་བའི་སློབ་གསོ་སྟེགས་བུའི་མཁྲེགས་ཆས་རིམ་པ་སྤོར་པ་དང་། “དཀར་མཛེས་ཁུལ་སྤུས་ལེགས་སློབ་ཚན”གྱི་སྤུས་རྟགས་གཏོད་རྩིས་ཡོད་པ་དང་གྲངས་འཛིན་སློབ་གསོ་དེ་སློབ་གྲྭ387གྱི་འཛིན་གྲྭ3902ལ་ཁྱབ་ནས་སློབ་མ་ཁྲི11ལ་ཕན་ཐོགས་རྒྱུ་རེད།

༄༅།། ན་ནིང་ལོ་ནས་བཟུང་ཁུལ་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་ཕྱོགས་མང་པོའི་ཐད་ནས་དོན་དངོས་དང་གསར་གཏོད། སྤུས་ཚད་དང་ཕན་འབྲས་བརྩོན་ལེན་བྱས་ཏེ“ཐེན་ཧྥུའུ་ནགས་ཚལ་མཛོད་བཞི”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། ནགས་ལས་ཐོན་ལས་དང་པོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར20.66ཟིན་པར་དེས་ཁུལ་ཡོངས་ཀྱི་ཞིང་ནགས་འབྲོག་ཉ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་ལ་ལེགས་སྐྱེས་ཕུལ་ཚད་བརྒྱ་ཆ37.5ཟིན་པ་དང་ན་ནིང་ལོ་ལས་བརྒྱ་ཆ7.4འཕར་ཡོད་པ་རེད།

༄༅།། ཉེ་ཆར་གསེར་རྟ་རྫོང་མེ་གསོད་རོགས་སྐྱོབ་རུ་ཁག་གིས་རྫོང་སྤྱི་བདེ་ཅུས་དང་མཉམ་འབྲེལ་བྱས་ཏེ་ཁོངས་གཏོགས་ཁུལ་གྱི“གནས་ཡུལ་ཆུང་ཆུང་དགུའི”ནང་དུ་མེ་གསོད་ཀྱི་མངོན་མེད་ཉེན་ཁ་ཞིབ་བཤེར་བྱེད་པའི་ལས་དོན་སྤེལ།

༄༅།། སྤྱི་ཟླ2པའི་ཚེས11ཉིན། སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་གཞུང་དྲྭ་ཐོག་བསྒྲགས་པ་ལྟརན། རྒྱལ་ཁབ་ཀྱི4Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ6གསར་དུ་བསྣན་པ་དང་ཞིང་ཆེན་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་ཁག་གསར་པ་གཏན་འཁེལ་བྱས། དཀར་མཛེས་ཁུལ་གྱི་ལྗོངས་ཁུལ་གཉིས་དང་ཁྲོམ་གཞུང་གཉིས་མིང་ཐོར་ཚུད་ཡོད་པ་རེད།

༄༅།། ཉིན་ཤས་གོང་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གིས2025ལོའི་དཔྱིད་དུས་སློབ་འགོ་ཚུགས་རྗེས། ཞིང་ཆེན་གྱིས“སློབ་གྲྭ་འབྲིང་ཆུང་སློབ་མའི་ཉིན་རེའི་ཕྱོགས་བསྡུས་ལུས་རྩལ་བྱེད་སྒོའི་དུས་ཚོད་ཆུ་ཚོད2ལས་མི་དམའ་བ”ཕྱོགས་ཡོངས་ནས་ལག་བསྟར་བའི་བླང་བྱ་བཏོན། དགེ་སློབ་དང་ཁྱིམ་བདག། སྤྱི་ཚོགས་བཅས་ཀྱི་ལྟ་སྐུལ་སློབ་གསོ་ཐིང་དང་གྲོང་ཁྱེར་ཁག(ཁུལ)གྱི་སློབ་གསོ་གཙོ་གཉེར་སྡེ་ཁག་གིས་བཙུགས་པའི་ལྟ་སྐུལ་ཐེར་འདོན་ཁ་པར་ཀྱང་མཉམ་དུ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱ་རྒྱུ་རེད།