( པར་ངོས་དང་པོར་མཐུད།)
ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི། ལི་ཐང་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཐུང་རུང་ཚོགས་འདུར་ཞུགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུས་ཆུང་གིས་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།
ཧྲེན་དབྱང་གིས་བསྟན་དོན། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཁྲོད་ཏང་གི་འགན་འཁྲི་མངོན་འགྱུར་ཐུབ་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ལོ་རྒྱུས་ཀྱི་མིག་རྒྱང་རིང་པོས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཞི་རྩའི་ཆོས་ཉིད་ཁོང་དུ་ཆུད་པ་དང་།ད་སྔའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་བླང་བྱ་གསལ་པོ་བཏོན་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཕན་འབྲས་གསར་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་པར་འཐབ་ཇུས་བཀོད་སྒྲིག་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་ཟབ་ཏུ་གཏོང་ཆེད་རྩ་བའི་བརྩི་སྲུང་འདོན་སྤྲོད་བྱས་ཡོད།
ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་རྫོང་(གྲོང་ཁྱེར)ཁག་ཏུ་འཚོགས་པ་རེད། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན།ཁུལ་སྲིད་གྲོས་ཀྱི་མགོ་ཁྲིད། ཁུལ་ཁྲིམས་ཁང་གི་ཁྲིམས་དཔོན་དང་ཁུལ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་བཅས་ཚོགས་འདུར་ཞུགས་པ་དང་།རྫོང་ཁག་(གྲོང་ཁྱེར)ཏང་ཨུ་དང་མི་དམངས་སྲིད་གཞུང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན། ཁུལ་ཁོངས་གཏོགས་ཁེ་ལས་དང་དོན་ལས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)