国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་གིས་གཞི་རིམ་ཏང་མི་དང་ལས་གནས་དང་པོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་།

( པར་ངོས་དང་པོར་མཐུད།)སྡོད་ཁང་བཀོད་སྒྲིག་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ཆ་རྒྱུས་ཞིབ་ཕྲ་གནང་བར་མ་ཟད།ཕྱུག་འགྱུར་གྱི་སྣེ་ཁྲིད་པ་དང་གནོད་ཐེབས་མང་ཚོགས།གཞི་རིམ་ལས་བྱེད་པ་སོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་རེད། ཁོང་གིས་ས་འགུལ་གྱི་གནོད་རྗེས་སླར་གསོ་བསྐྱར་སྐྲུན་ལོ་གཉིས་རིང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོ་འོག། གནོད་འཚེ་ཐེབས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་བློ་སེམས་གཅིག་སྒྲིལ་དང་འབད་བརྩོན་བྱས་པར་བརྟེན།“ལོ་གསུམ་གྱི་བསྐྱར་སྐྲུན་ལས་འགན་ལོ་གཉིས་ནང་གཞི་རྩའི་ཆ་ནས་ལེགས་གྲུབ་ཡོང་བ་བྱེད་པ”ཡི་དམིགས་འབེན་མངོན་འགྱུར་བྱུང་ཡོད། ལོ་གསར་པའི་ནང་གནོད་རྗེས་བསྐྱར་སྐྲུན་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ་དང་། ཡུལ་སྡེ་ཡོངས་ནས་དར་རྒྱས་གཏང་རྒྱུ་དམིགས་འབེན་དུ་བྱས་ཏེ། ས་གནས་ཀྱི་གནས་ཚུལ་དངོས་དང་བསྟུན་ནས་དགེ་མཚན་ལྡན་པའི་ཐོན་ཁུངས་གསར་སྤེལ་དམ་འཛིན་བྱེད་པ་དང་དཔལ་འབྱོར་འཕར་ཚད་གསར་པ་རྒྱུན་ཆད་མེད་པར་གསོ་སྐྱོང་བྱས་ཏེ། གནོད་ཐེབས་ཁུལ་གྱི་དམངས་འཚོ་བདེ་སྐྱིད་མུ་མཐུད་དུ་ལེགས་བཅོས་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཕྱུག་འགྱུར་ལ་སྐུལ་ཁྲིད་སྔར་ལས་ལེགས་པར་བྱས་ཏེ།མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཇེ་དྲག་ཏུ་ཏན་ཏིག་གཏང་དགོས་ཞེས་གསུངས།

ཁུག་རྟ་ལུང་པའི་རྒྱལ་དབང་ནགས་རའི་དོ་དམ་སྲུང་སྐྱོང་ས་ཚུགས་ནི་དུང་དཀར་ལུང་པའི་ལྗོངས་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཞིབ་བཤེར་བྱ་ཡུལ་གལ་ཆེན་ཞིག་ཡིན། ཞིབ་བཤེར་བྱེད་གནས་སུ་ཧྲེན་དབྱང་གིས་རི་ལ་འགྲོ་འོང་བྱས་པའི་མི་དང་རླངས་འཁོར་ཐོ་འགོད་རྩིས་ཐོར་ནན་གྱིས་གཟིགས་པ་དང་།མེ་ཁུངས་དོ་དམ་ཚོད་འཛིན་དང་།མེ་འགོག་དྲིལ་བསྒྲགས།སྐོར་ཞིབ་སོགས་ཀྱི་ལས་ཀའི་སྙན་ཞུར་ནན་ཏན་གྱིས་གསན་པ་རེད། ཁོང་གིས་མིག་སྔར་མེ་འགོག་དུས་ཡུན་གྱི་འགག་རྩའི་དུས་མཚམས་ཡིན་པས། ཁུལ་ཡོངས་ཀྱི་ས་གནས་ཁག་གིས་ནགས་རྩྭ་མེ་ཟོན་མེ་གསོད་ཀྱི་ལས་ཀ་དེ་དུས་དང་རྣམ་པ་ཀུན་ཏུ་དམ་ཟབ་བྱས་ཏེ་ནགས་རྩྭ་མེ་ཟོན་མེ་གསོད་ཀྱི་ཉམས་མྱོང་དང་བསླབ་བྱར་གོ་རྟོགས་ཟབ་པོ་ཐེབས་ཏེ་ནགས་རྩྭ་མེ་ཟོན་མེ་གསོད་ལས་ཀའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ།གཙོ་གནད་དུས་མཚམས་དང་།གཙོ་གནད་ས་ཁུལ།གཙོ་གནད་མི་སྣ་བཅས་ལ་དོ་དམ་ཚོད་འཛིན་དང་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་ནགས་རྩྭར་མེ་སྐྱོན་མི་འབྱུང་བར་རྒྱུན་འཁྱོངས་མཐའ་གཅིག་ཏུ་བྱ་དགོས་ཞེས་གསུངས་པ་དང་། བརྟག་དཔྱད་ཞིབ་འཇུག་གནང་རིང་ཧྲེན་དབྱང་གིས་ད་དུང་རི་འཐག་ཕུ་གྲོང་ཚོའི་ཏང་མི་རྒན་རྒོན་ལུའོ་ཀྲུང་ཀྲེན་དང་། འཆམ་མཐུན་གྲོང་ཚོའི་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་མཐུན་འབྲེལ་དུད་ཚང་ཆིའུ་ཁྲང་ཅང་དང་ཁུའེ་ཝུའུ་གྲོང་ཚོར་གཅིག་སྡུད་བཀོད་སྒྲིག་བྱས་པའི་དཀའ་ངལ་ཡོད་པའི་དུད་ཚང་ཝང་རུའུ་ཀྲི་བཅས་ཀྱི་ཁྱིམ་དུ་ཕེབས་ནས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དང་ཐུགས་ཁུར་ཟབ་མོ་བསྐྱལ་ཞིང་། ཁོ་ཚོའི་ཐོན་སྐྱེད་འཚོ་བ་དང་ཁྱིམ་ཚང་གི་གནས་ཚུལ་ལ་ཆ་རྒྱུས་བླངས་པར་མ་ཟད།ལོ་སར་གྱི་བཀྲ་ཤིས་སྨོན་འདུན་ཞུས་པ་རེད།

ཁུལ་མགོ་ཁྲིད་ཁྲེན་པོ་ཐའོ་དང་ཕུའུ་ཡུང་ཧྥུན། ལྕགས་ཟམ་རྫོང་དང་དུང་དཀར་ལུང་པའི་ལྗོངས་ཁུལ་དོ་དམ་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་བཅས་འབྲེལ་ཡོད་བརྟག་ཞིབ་ནང་ཞུགས་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)