国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音


( པར་ངོས་དང་པོར་མཐུད།)

ཧྥུང་ཧྥ་ཀུའེ་ཡིས་འཚུབ་བསྟུན་ཐག་གཅོད་དམ་འཛིན་ཏན་ཏིག་བྱས་ནས་འཚུབ་བསྟུན་སྔོན་ཇུས་འཐུས་ཚང་དུ་གཏོང་དགོས། གནད་དོན་ཤེས་རྟོགས་དང་།གནོད་འཚེའི་གནས་ཚུལ་ཐག་གཅོད།མི་སྣ་སྤོ་སྒྱུར།ཆ་འཕྲིན་སྙན་ཞུ་སོགས་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ་འཚུབ་བསྟུན་སྔོན་ཇུས་བཟོས་ནས། བལྟས་ན་གསལ་པོ་དང་ནུས་ལྡན་ངང་ཁ་གཏད་གཅོག་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། དཔུང་ཁག་ཚད་ལྡན་ཅན་དང་ཆེད་ལས་ཅན་དུ་འགྱུར་བའི་འཛུགས་སྐྱོང་ལ་ཤུགས་བརྒྱབ་ནས་གྲོང་སྡེ་རིམ་པའི་མཇུག་མཐའི་འཚུབ་བསྟུན་རུ་ཁག་ཆུང་གྲས་བཙུགས་ཏེ་སྔ་ཙམ་ནས་ཤེས་རྟོགས་དང་ཐག་གཅོད་བྱེད་ཐུབ་པ་དང་།སྤོ་སྒྱུར་མགྱོགས་པོ་བཅས་ཐུབ་པར་བྱ་དགོས། འཚུབ་བསྟུན་སྒྲིག་ཆས་འདང་ངེས་སྒྲིག་སྦྱོར་བྱ་དགོས། ཚེ་སྲོག་འཚོལ་ཞིབ་ཡོ་བྱད་དང་།ལྗིད་འདེགས་ཡོ་བྱད།གཏོར་ཆས།ཆུ་འཐེན་ཆས།ཆུ་ཁུག་མ།མི་མེད་གནམ་གྲུ་སོགས་སྒྲིག་ཆས་མགྱོགས་མྱུར་བཀོད་སྒྲིག་བྱས་ཏེ་དུས་ཐོག་ཏུ་ཞིབ་བཤེར་དང་གསོ་བཅོས་བྱས་པ་དང་།འགག་རྩའི་དུས་སུ་སྤྱོད་ཐུབ་པར་ཁག་ཐེག་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།། ( བདེ་སྐྱིད་ཀྱིས་བསྒྱུར།)