ཧྲན་ཏུང་ཞིང་ཆེན་ཙའོ་ཀྲོང་གྲོང་ཁྱེར་ཧྲན་ཐིང་ཆུས་ཁྲེང་ཐོའུ་གྲོང་རྡལ་ཞུས་ཝ་གྲོང་སྡེའི་ཞིང་པས་གྲོ་ཞིང་ནང་ལས་ཀ་ལས་བཞིན་པ།
ཡུན་ནན་ཞིང་ཆེན་ཞི་ཧྲོང་པན་ན་ཁུལ་མེང་ཧའེ་རྫོང་མན་ལང་གྲོང་སྡེའི་ཞིང་པས་འབྲས་མྱུག་འཕྲུལ་འཁོར་བཏང་ནས་འབྲས་རྨོད་བཞིན་པ།
སི་ཁྲོན་ཞིང་ཆེན་ཏ་ཀྲོའུ་གྲོང་ཁྱེར་ཆུས་རྫོང་ལིན་པ་གྲོང་རྡལ་སི་མེན་གྲོང་སྡེའི་ཞིང་པས་ཞིང་འཕྲུལ་གྱིས་ཞིང་བསློགས་ནས་མ་རྨོས་ལོ་ཏོག་འདེབས་རྩིས་ཡོད་པ།
ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་ཕིང་དབྱི་རྫོང་ཏི་ཧྥང་གྲོང་རྡལ་གྱི་ཞིང་པས་ཞིང་འཕྲུལ་བཏང་ནས་ཞིང་སློག་བཞིན་པ།
ཀོང་ཞི་ནན་ཉིང་གྲོང་ཁྱེར་ཞི་ཞང་ཐང་ཆུས་ཧྲི་པུའུ་ཁྲོམ་ལམ་ཞ་ལིང་གྲོང་སྡེའི་སྔོ་ཚལ་འདེབས་འཛུགས་རྟེན་གཞིར་ཞིང་པས་ཞིང་འཕྲུལ་བཏང་ནས་ཞིང་སློག་བཞིན་པ།
ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་ཏི་ཀང་གྲོང་རྡལ་ཏུའུ་ཅང་གྲོང་སྡེའི་ཞིང་པས་ཞིང་ལས་ལ་བྲེལ་བཞིན་པ།
ཅང་ཞི་ཞིང་ཆེན་ཅི་ཨན་གྲོང་ཁྱེར་ཐའེ་ཧོ་རྫོང་ཁྲེང་ཅང་གྲོང་རྡལ་ནན་མོན་གྲོང་སྡེའི་ཞིང་པས་ཞིང་སློག་བཞིན་དཔྱིད་རྨོད་གྲ་སྒྲིག་བྱེད་པ།
དཔྱིད་འགོ་འཛུགས་པའི་དུས་དང་བསྟུན་ནས་རང་རྒྱལ་གྱི་མཚོ་འཕགས་དམའ་བའི་ས་གནས་ཁག་གི་ཞིང་པ་ཚོས་སོ་ནམ་ལས་ཀ་སྤེལ་བའི་དུས་དང་འཁེལ་བས། ཞིང་པ་ཚོས་དཔྱིད་རྨོད་ལས་ཀར་གྲ་སྒྲིག་བྱས་ནས་ཞིང་དང་མུ་ཁ་ཀུན་ཏུ་སོ་ནམ་ལས་ལ་བྲེལ་བའི་རྣམ་པས་ཁེངས།