ཉེ་ཆར། ཞིང་ཨུའི་རྒྱུན་ལས་ཨུ་ཡོན་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཕུར་བུ་དོན་གྲུབ་དཀར་མཛེས་ཁུལ་དང་རྔ་བ་ཁུལ་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པར་བསྐྱོད་དེ་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བསྟར་བ། ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་སྔར་བས་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་ཞི་མཐུན་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་མཐུན་སྒྲིལ་བཅས་ཡོང་བར་སྐུལ་འདེད་གཏང་དགོས་ཞེས་ནན་གསུངས་གནང་།
ཕུར་བུ་དོན་གྲུབ་སྔ་རྗེས་སུ་དཀར་མཛེས་ཁུལ་རྟའུ་རྫོང་དང་བྲག་མགོ་རྫོང་། གསེར་རྟ་རྫོང་། རྔ་བ་ཁུལ་ཆུ་ཆེན་རྫོང་བཅས་ཀྱི་དགོན་སྡེ་ཁག་ཏུ་བསྐྱོད་ནས་མི་རིགས་མཐུན་སྒྲིལ་དགོན་པར་སྤེལ་བ་དང་ཆོས་ལུགས་དོ་དམ། གཞི་རིམ་བཅོས་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་དཔྱད་ཞིབ་འཇུག་གནང་བ་དང་། དགོན་སྡོད་ལས་བྱེད་པ་དང་དགེ་འདུན་པ། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། དགོན་པའི་གསར་བརྗེའི་ལོ་རྒྱུས་དང་དགེ་འདུན་པའི་སློབ་སྦྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཏེ་ཏང་གི་མི་རིགས་ཆོས་ལུགས་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་དང་འགྲེལ་བཤད་གནང་བ་རེད།
( པར་ངོས་གཉིས་པར་གཟིགས།)