国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱ་དགོས།

ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པར་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པ་བསྟན་པ་སྟེ། རིག་གནས་ཡུལ་སྐོར་དང་། ཁྱད་ཆོས་ཞིང་འབྲོག་ལས། ནུས་ཁུངས་གཙང་མ་བཅས་ཀྱི་ལས་དོན་ཆེན་པོ་གསུམ་གཅིག་གྱུར་གྱིས་དམ་འཛིན་བྱེད་པ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་མ་འོངས་པའི་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་བ། དེང་རབས་ཞབས་ཞུའི་ལས་རིགས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་ཞིང་། ཐོན་ལས་གཙོ་བོ་ཐོན་ལས་ར་བར་ཞུགས་པ་དང་འཁོར་འབྲེལ་གྱི་མི་འདང་ས་གསབ་པ། ཐོན་ལས་ཀྱི་སྐྱེ་ཁམས་ར་བ་འཛུགས་ཤིང་སྟོབས་ཆེར་གཏོང་བར་སྐུལ་བ། དཀར་མཛེས་ཁུལ་གྱི་ཁྱད་ཆོས་དང་བཟང་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། “གཡོ་འགུལ་སྤུ་ཙམ་མེད་པ་གཉིས”རྒྱུན་འཁྱོངས་དང་། རྒྱལ་དབང་རྒྱལ་གཉེར་ཁེ་ལས་ཀྱི་བསྒྱུར་བཅོས་ཟབ་ཏུ་སྤེལ་ཞིང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་སྤེལ། གྲུབ་རྐྱེན་གཙོ་བོ་ཁྲོམ་ར་ཅན་གྱི་བསྒྱུར་བཅོས་ཟབ་ཏུ་སྤེལ་བ། དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྣ་ཚོགས་བཟང་ཆ་གསབ་རེས་དང་མཉམ་དུ་གོང་འཕེལ་ཡོང་བར་བསྐུལ་དགོས། སྤྱི་ཁོག་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནོར་ཁྲལ་དང་དངུལ་རྩའི་སྒྲིག་སྲོལ་བསྒྱུར་བཅོས་ཟབ་ཏུ་སྤེལ་བ། ནོར་ཁྲལ་དང་དངུལ་རྩའི་སྲིད་ཇུས་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ནོར་སྲིད་ཐོན་ཁུངས་བཀོད་སྒྲིག་གི་ལས་ཆོད་དང་དངུལ་རྩའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏང་དགོས། སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣའི་སྒྲིག་སྲོལ་དང་ལམ་སྲོལ་གཞི་གཅིག་ཅན་གྱི་བསྒྱུར་བཅོས་ལ་སྤྱི་འདོམས་ཀྱིས་དམ་འཛིན་ཡག་པོ་བྱེད་ཅིང་། ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པའི་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་དང་ལམ་ལུགས་ཀྱི་འགན་སྲུང་སྤྲོད་ཤུགས་ཆེ་རུ་གཏོང་བ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་སྤུས་གསར་འཕེལ་རྒྱས་གཏོང་ཞིང་། ཁྱོན་ཡོངས་ནས་གསར་གཏོད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པར་རྒྱབ་སྐྱོར་བྱ་དགོས། གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གྲོང་རྡལ་ཅན་གསར་པ་འཛུགས་ཤུགས་ཆེ་རུ་གཏོང་བ། ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་བ། གྲོང་ཡུལ་ཐོན་ཁུངས་ཀྱི་གྲུབ་རྐྱེན་གཙོ་བོ་དོ་སྙོམས་ངང་བཀོད་སྒྲིག་བྱེད་པར་བསྐུལ་ནས་གྲོང་ཡུལ་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་བྱ་དགོས། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྫོང་ཁོངས་འཕེལ་རྒྱས་ཀྱི་ནུས་རིམ་སྤར་བར་སྐུལ་ཅིང་། གནས་བསྣོན་འཕེལ་རྒྱས་དང་། ལས་བགོས་མཉམ་ལས། ཁྱད་ཆོས་མི་འདྲ་བ། བཟང་ཆ་གསབ་རེས་བཅས་ཀྱི་ས་ཁོངས་དཔལ་འབྱོར་ཁོངས་བསྐྲུན་དགོས། འཚོ་སྐྱོང་དམའ་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། ཁུལ་རིམ་པས་མཐུན་སྦྱོར་དང་རྫོང་ཁོངས་ཀྱིས་ལག་ལེན་གཏོང་བའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་ཞིང་། མ་དངུལ་འཇོག་པའི་ལམ་སྲོལ་སྣ་མང་ཅན་འཐུས་སྒོ་ཚང་དུ་བཏང་ནས། དར་རྒྱས་ཞན་པའི་རྫོང་ཁོངས་མགྱོགས་མྱུར་རྗེས་སྙེག་དང་མཆོང་བརྒལ་འཕེལ་རྒྱས་ཡོང་བར་བསྐུལ་དགོས། ཤར་རྒྱུད་མཉམ་འདྲེས་ཐུབ་པ་དང་ནུབ་རྒྱུད་འབྲེལ་མཐུད་ཡོང་བ། ལྷོ་རྒྱུད་རྒྱ་སྐྱེད་པ། བྱང་རྒྱུད་སྣུར་སྲིང་བ་བཅས་ཀྱི་སྒོ་འབྱེད་བཀོད་བབ་རྒྱུན་འཁྱོངས་དང་། ས་ཁོངས་ཧྲིལ་པོ་སྒོ་འབྱེད་མཉམ་ལས་ལ་སྐུལ་བ། སི་ཁྲོན་ནུབ་བྱང་གི་སྒོ་འབྱེད་འཕེལ་ཁ་དར་ས་མགྱོགས་པོར་བསྐྲུན་དགོས། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་བགྲོད་ལམ་འཛུགས་པར་བརྩོན་ལེན་གང་ཐུབ་དང་ཆབས་ཅིག་རམ་འདེགས་རྒྱབ་སྐྱོར་བྱེད་པ་དང་། ཟོང་འདྲེན་རྨང་གཞིའི་སྒྲིག་ཆས་དྲ་བ་འཐུས་ཚང་དུ་གཏོང་ཞིང་། རྨང་གཞིའི་སྒྲིག་ཆས་གསར་པ་འཛུགས་པར་སྤྱི་འདོམས་ཀྱིས་བཀོད་སྒྲིག་བྱ་དགོས་པ་རེད།།

( སྐལ་ཐུབ་ཀྱིས་བྲིས།)