ཁུལ་ཡོངས་ཀྱི་དཔྱིད་རྨོད་ཐོན་སྐྱེད་གཙོ་བོ་སྤྱི་ཟླ3པའི་ཟླ་དཀྱིལ་དང་ཟླ་མཇུག།སྤྱི་ཟླ4པའི་ཟླ་འགོར་ཁྱོན་ཡོངས་ནས་འགོ་འཛུགས་རྒྱུ་དང་། དཔྱིད་གསར་འགོ་ཚུགས་པ་ན་ཁུལ་ཞིང་འབྲོག་གྲོང་སྡེ་ཅུས་ཀྱིས་ཞིང་ལས་དུས་ཚིགས་དམ་འཛིན་བྱས་ནས་དཔྱིད་རྨོད་གྲ་སྒྲིག་ལས་དོན་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ་ཐོན་ནུས་ཆེ་རུ་གཏོང་བ་དང་།ཞིང་ལས་རྒྱུ་ཆ་མཁོ་སྤྲོད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ལས་ཀྱི་གནོད་འགོག་ལས་ཀ་དམ་འཛིན་ཏན་ཏིག་བྱེད་པ་དང་།ཞིང་ཕན་སྲིད་ཇུས་དོན་འཁྱོལ་ནན་འཛིན་དང་ལྷུ་ཚིགས་ཁག་བཀོད་སྒྲིག་ཞིབ་ཚགས་དང་གནད་ལ་འཁེལ་བའི་ཐབས་ཇུས་ལག་བསྟར་བྱས་ཏེ་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་ཚད་ལེགས་པར་རྨང་གཞི་བརྟན་པོ་བཏིང་བ་རེད། འདི་ནི་དཀར་མཛེས་རྫོང་ནོར་གནག་ཐོན་ལས་ཉོ་ཚོང་ལྟེ་གནས་རེད།