༄༅།། ཉེ་ཆར། དཔལ་ཡུལ་རྫོང་རིག་གནས་ཡུལ་སྐོར་ཅུས་དང་རྫོང་ཞིང་ལས་ཡུལ་སྐོར་ཅུས་ཀྱིས་ཀྲུང་ཧའེ་བསྲེས་སྦྱང་གི་མཚོ་སྣུམeཉོ་ཞེས་པའི་གློག་རྡུལ་ཚོང་ལས་སྟེགས་བུ་དང་མཉམ་འབྲེལ་བྱས་ཏེ། ཧའེ་ཁོའུ་གྲོང་ཁྱེར་དུ་རྒྱ་མཚོའི་སྙིང་སྟོབས་ཏེ་མཚོ་དང་གཡང་ཊིའི་བརྩེ་དུང་ཞེས་པའི་དཔལ་ཡུལ་གྱིས་ཀྲུང་གོའི་མཚོ་སྣུམ་དང་འབྲེལ་བའི་དྲྭ་འོག་གི་འགྲེམས་ཚོང་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
༄༅།། ཉེ་ཆར། གསར་འགོད་པས་དཀར་མཛེས་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་དཀར་མཛེས་ཁུལ་གྱི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་རྒྱ་མ་ཁྲི46986.8ལ་ཟིན་ནས་ལོ་རྒྱུས་ཀྱི་མཐོ་ཤོས་བཏོད་ཡོད་པ་རེད། དོ་སྣང་བྱེད་དགོས་པ་ཞིག་ནི་འདེབས་འཛུགས་རྒྱ་ཁྱོན་དུས་མཚུངས་ལས་གཅིག་མཚུངས་ཡིན་པའི་ཆ་རྐྱེན་འོག་རང་ཁུལ་གྱི་འབྲུ་རིགས་སྤྱིའི་ཐོན་ཚད་རྒྱ་མ་ཁྲི373.4འཕར་ཡོད་པ་རེད།
༄༅།། ཉེ་ཆར། དཀར་མཛེས་ཁུལ་ནགས་ཚལ་མེ་གསོད་རུ་ཁག་གིས་བསྡོམས་པས་མི288དང་རླངས་འཁོར56བཀོད་སྒྲིག་བྱས་ནས་མེ་འགོག་ས་ཚུགས10ལྷག་ཏུ་དཔྱིད་གསར་དུས་ཆེན་མེ་འགོག་ཆེད་དོན་བྱ་སྤྱོད་སྤེལ་བ་རེད། མེ་འགོག་དྲིལ་བསྒྲགས་ཡིག་ཆ4360ལྷག་བཀྲམས་པ་དང་། མེ་འགོག་དྲིལ་བསྒྲགས་ཐད་ཀྱི་སྒྲ་བརྙན་ཆུ་ཚོད30ལྷག་བཏང་བ། ཐ་མག་འཐེན་མཁན་གྱི་ཡུལ་སྐོར་བ150ལྷག་ལ་ཁ་ཏ་སློབ་གསོ་བྱས་པ། མེ་ཆ137བསྡུས་པ། རླངས་འཁོར་ལ་བསྡད་ནས་སྤྱི་ལེ300ལྷག་སྐོར་སྲུང་བཅས་བྱས་པ་རེད།
༄༅།། ཉེ་ཆར། ལི་ཐང་རྫོང་མཆོད་རྟེན་ཡུལ་ཤོག་དཔོན་ཚང་གྲོང་སྡེའི2024ལོའི་གྲོང་སྡེའི་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང་གིས་ཁེ་སྤོགས་བགོད་བའི་མཛད་སྒོ་འཚོགས་པ་དང་། ཁེ་སྤོགས་བགོད་པའི་དངུལ་གྲངས་སྒོར་ཁྲི93ལྷག་ལ་ཟིན་པ་རེད།
༄༅།། ཉེ་ཆར། སྨྱུག་འཛིན་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོར་ལི་ཐང་རྫོང་གིས་ལི་ཆུ་སྐྱེ་ཁམས་ལྗོངས་ཁུལ་དང་། G318ཆེས་མཛེས་ཤོས་ཀྱི་རིག་གནས་ཡུལ་སྐོར་དཔལ་འབྱོར་ཁུལ། ཤར་ནུབ་རྒྱུད་གསར་གཏོད་མཐུན་སྦྱོར་འཕེལ་རྒྱས་དཔེ་སྟོན་ཁུལ། ཁམས་ལྷོ་ལྗང་མདོག་འཕེལ་རྒྱས་གཅིག་སྡུད་ཁུལ། སྐྱེ་ལྡན་ཞིང་འབྲོག་ལས་གཅིག་སྡུད་འཕེལ་རྒྱས་ཁུལ་བཅས“རྒྱུད་གཉིས་དང་ཁུལ་གསུམ”འཛུགས་སྐྲུན་བྱ་རྒྱུ་ཡིན་པ་རེད།
༄༅།། ཉེ་ཆར། རོང་བྲག་རྫོང་བརྒྱ་རྒྱུད་གྲོང་རྡལ་ཉ་ག་གྲོང་སྡེར་དུས་ཡུན་ཉིན15རིང་གི་ཀུ་ཤུ་ཡལ་ག་བཟོ་བའི་ལག་རྩལ་གསོ་སྦྱོང་སྤེལ་ནས་འདི་ལོའི་ཀུ་ཤུ་ལོ་ལེགས་ཡོང་བར་རྨང་གཞི་བཏིང་བ་རེད།
༄༅།། ཉེ་ཆར། ལི་ཐང་རྫོང་གི་ཨ་མའི་སྡོང་བུ་ཞེས་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཐོན་རྫས་དང་ཁྲེང་ཏུའུ་ཆའོ་ཧྥན་ཏ་ལའི་ཚི་སྣ་བསླས་འཐག་ཐོན་ལས་ཞིབ་འཇུག་གསར་སྤེལ་ལྟེ་གནས་གཉིས་མཉམ་འབྲེལ་བྱས་ནས་སྒོ་བྱང་འགེལ་བའི་མཛད་སྒོ་ཞིན་ཏུའུ་ཁུལ་བསླས་འཐག་སྒྱུ་རྩལ་ལྟེ་གནས་སུ་སྤེལ་ཏེ། ཁྲེང་ཏུའུ་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཏ་ལའི་ཚི་སྣ་བསླས་འཐག་དང་དཀར་མཛེས་ཁུལ་ཁུལ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ལི་ཐང་ལག་བཟོས་འཁལ་འཐག་ཉལ་གཟན་གཉིས་དངོས་སུ་མཉམ་ལས་བྱེད་འགོ་བཙུགས་པ་རེད།།