གང་ཡང་དྲན་པ་མེད་པའི་ཚེ།།
སུལ་བུར་འཐོར་བའི་ལོ་མ་དག །
མིག་གིས་འཚོ་བ་དེ་ཙམ་ལས།།
སེམས་ཀྱི་མེ་ལྕེ་གཉིད་པ་དང་།།
རེ་བའི་མཚོ་མོ་བྱེ་མར་ལྕེབས།།
གང་ཡང་བོར་བ་མིན་ན་ཡང་།།
ལོ་དང་ཟླ་བའི་བང་རིམ་ནས།།
བདག་ལ་ཅི་ཞིག་ཐོབ་སྐལ་ཡིན།།
ངལ་བའི་རེ་བ་ལྕི་བ་དང་།།
ཕམ་པའི་རེ་ཆད་དེ་ལས་ཅི།།
ད་སྐབས་བདག་གི་ཉེ་ས་རུ།།
དུས་ཀྱི་ཤྭ་འོད་ཚེས་པ་དང་།།
དགུན་གྱི་རླུང་བུ་འཁྱག་པས་ན།།
སྡོད་གནས་དག་ཀྱང་མི་སྡུག་པའི།།
ཆ་ཤས་སྣ་ཚོགས་སྣང་བར་བྱེད།།
རེ་ཞིག་ཨམ་གཙུག་གདམ་ན་ཡང་།།
ཐོབ་པའི་འབྲས་བུ་ཡོད་མ་ཡིན།།
དེ་ཕྱིར་ཀུན་དང་གྱེས་པ་དང་།།
ཀུན་ལ་བདེ་མོ་བཞག་པས་ན།།
སྣང་བའི་གཤོག་པ་འཁོར་ཕྱོགས་རྒྱུ།།