༡
མིག་གིས་མཐོང་མིན་མི་ཤེས་ཀྱང་།།
དྲན་པས་ཡང་ཡང་རྡོལ་འོང་བའི།།
མཛེས་སྡུག་གོན་པའི་བྱ་ཁྱུའི་ཚོགས།།
བདག་དང་རྒྱང་རིང་གྱེས་པའི་ཚེ།།
བསིལ་གྲིབ་ཕོག་པའི་མེ་ལོང་ངོར།།
ན་བུན་དང་བཅས་འཕོས་པ་དང་།།
མཐོང་བ་རབ་རིབ་གྱུར་སོང་ངོ་།།
༢
མེ་ཏོག་གཞན་དུ་བཀྲ་བ་དང་།།
དྲོད་རླབས་རྒྱུན་བཅས་བོར་སོང་བའི།།
དགུན་གྱི་གྲང་བ་དང་བཅས་ཏེ།།
བདག་གི་གནས་སར་གངས་ཆེ་ཚེ།།
གཞན་ན་གནས་པའི་དུས་ཚིགས་ལགས།།
བདག་ཀྱང་གྲོལ་བ་གྱོན་པ་དང་།།
རླུང་བུ་བཞིན་དུ་གྱར་སྣང་ཕྱུག །