སྨྱུག་མིང་ལ་གཟི་ནག་པོར་འབོད། ༢༠༠༠ལོར་ཁམས་ཀྱི་སྨད་རྒྱུད་ཅིག་ནས་རོང་མ་འབྲོག་གི་ཡུལ་སྡེ་ཞིག་ཏུ་སྐྱེས། བརྩམས་ཆོས་མང་པོ་ཞིག《ཁམས་པའི་ཚགས་པར།》དང《སྐྱ་རེངས་ཚགས་པར།》《གཞིས་ཀ་རྩེའི་ཚགས་པར།》《མཐོང་གྲོལ་དྲ་བ།》 《རྒྱལ་ཡོངས་ས་ཆེན་དྲ་བ།》 《ཁམས་པའི་དྲ་བ།》《རིག་མཛོད་ལོ་དེབ།》བཅས་ཚགས་པར་དང་དྲྭ་ཚིགས་མང་པོའི་སྟེང་དུ་བཀོད་མྱོང་། ད་ལྟར་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་གྱི་ཞོར་དུ་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས་བཞིན་ཡོད་ཅིང་། དཀར་མཛེས་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མིའང་ཡིན།