ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཤིན་ཆིང་ཆུས་ཚོད་ལྟའི་སློབ་ཆུང་གཉིས་པའི་སློབ་མ་ཚོས་སློབ་དེབ་གསར་པ་སྟོན་བཞིན་པ།
ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥུང་ཆུས་སློབ་ཆུང་དང་པོའི་དགེ་རྒན་གྱིས་སློབ་མ་ཚོར་སློབ་འགོ་འཛུགས་པའི་སློབ་ཚན་དང་པོ་ཁྲིད་བཞིན་པ།
ཧུའུ་ནན་ཞིང་ཆེན་ཧོའེ་ཧྭ་གྲོང་ཁྱེར་ཐུང་ཏའོ་ཏུང་རིགས་རང་སྐྱོང་རྫོང་ལི་ཡ་སློབ་ཆུང་གི་སློབ་མ་ཚོས་འགྲེམ་པང་མདུན་དུ་དྲན་རྟེན་གྱི་པར་ལེན་བཞིན་པ།
ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཤིན་ཆིང་ཆུས་ཚོད་ལྟའི་སློབ་ཆུང་གཉིས་པའི་སློབ་མ་ཚོས་སློབ་འགོ་འཛུགས་པའི་སློབ་ཚན་དང་པོར་ཉན་བཞིན་པ།
ཁྲུང་ཆིན་གྲོང་ཁྱེར་ཡིའུ་དབྱང་ཐུའུ་ཅ་རིགས་དང་མའོ་རིགས་རང་སྐྱོང་རྫོང་ཚོད་ལྟའི་སློབ་ཆུང་གི་སློབ་མ་ཚོས་སློབ་དུས་གསར་པའི་སློབ་དེབ་ལེན་བཞིན་པ།
ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཤིན་ཆིང་ཆུས་ཚོད་ལྟའི་སློབ་ཆུང་གཉིས་པའི་སློབ་མ་ཚོ་སློབ་གྲྭར་སྐྱོད་བཞིན་པ།
ཁྲུང་ཆིན་གྲོང་ཁྱེར་ཝུའུ་ཧྲན་རྫོང་ཁྲའོ་ཡུན་སློབ་ཆུང་གི་སློབ་འགོ་འཛུགས་པའི་སློབ་ཚན་དང་པོའི་ཁྲོད་ཝུའུ་ཧྲན་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱི་ལས་དོན་མི་སྣས་དགེ་སློབ་ཚོར་མེ་གསོད་ཀྱི་འབྲེལ་ཡོད་ཤེས་བྱར་འགྲེལ་བཤད་རྒྱག་བཞིན་པ།
ཉེ་ཆར། རང་རྒྱལ་ས་གནས་ཁག་གི་སློབ་གྲྭ་ཆུང་འབྲིང་གི་སློབ་འགོ་འཛུགས་ཤིང་།སློབ་མ་ཚོ་དགའ་དགའ་སྤྲོ་སྤྲོས་སློབ་གྲྭར་ཞུགས་ཏེ་སློབ་དེབ་གསར་པ་ལེན་པ་དང་། སློབ་འགོ་འཛུགས་པའི་སློབ་ཚན་དང་པོ་སོགས་ཀྱི་བྱེད་སྒོར་ཞུགས་ནས་སློབ་དུས་གསར་པར་བསུ་མ་ཞུས་པ་རེད།