国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འཕྲུལ་གྱི་སྦལ་ཡུལ་གཡུ་ལུང་།

གངས་རི་སྲིད་པའི་གངས་རྒན།།

དབུ་ལ་རྨོག་དཀར་མཛེས་པ།།

གནམ་སའི་རྩིབས་མར་བསྐོས་པའི།།

གཡུ་ཁྲོམ་གངས་ཀྱིས་བརྒྱན་ཡོད།།

བཻཌཱུརྱ་ཞུན་མའི་རང་མདངས།།

དྲི་བྲལ་དངུལ་གྱི་མེ་ལོང་།།

ཟེགས་མའི་རླབས་ཀྱིས་མཛེས་པ།།

གཡུ་མཚོ་གནས་སའི་ག་འུ།།

གཡུ་ཐང་ཨ་ལོང་ནང་ན།།

སྦྲ་ནག་སྟོང་གིས་བཀང་ཡོད།།

སྦྲ་ཆོན་ཐ་གུའི་སྣེ་མོ།།

མེ་ཏོག་མཚོ་ནས་འཁྲུངས་པ།།

གཡུ་ལུང་གཡུ་ཡི་ཁོག་པར།།

རི་ལ་སྤང་རི་ནགས་རི།།

བྱ་གླག་གཤོག་པ་ངལ་བའི།།

འཕྲུལ་གྱི་སྦལ་ཡུལ་གཡུ་ལུང་།།

གཡུ་དཀར་པགས་པས་ཡག་ས།།

གཡུ་ཡི་རྩིག་པར་བབས་པའི།།

གཡུ་གནས་སྦས་པའི་ཡུལ་འདི།།

མཚར་སྡུག་སྟོང་གི་གཡུ་མཁར།།

༼ ཧུན • དུར་རོ། ༽