国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྲིད་གཞུང་ལས་དོན་སྙན་སེང་།

( པར་ངོས་དང་པོར་མཐུད།)གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་བརྒྱ་ཆ10ཡས་མས་འཕར་བ་དང་། སྤྱི་ཚོགས་འཛད་སྤྱོད་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར149.6གྲུབ་ཡོད་ཅིང་། བརྒྱ་ཆ4.2ཡས་མས་འཕར་ཡོད། ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཀྱི་ཡོང་འབབ་སྒོར་དུང་ཕྱུར60.53ལ་ཟིན་ནས་བརྒྱ་ཆ10.67འཕར་ཡོད། ལོ་གཅིག་གི་སྔོན་ལ་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལེགས་གྲུབ་བྱུང་བ་དང་། དེའི་ནང་ཁྲལ་བསྡུའི་ཡོང་འབབ་བརྒྱ་ཆ17.44འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བརྒྱ་ཆ4.5འཕར་ཡོད། ཞིང་སྡེའི་གཞིས་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བརྒྱ་ཆ6.5འཕར་ཡོད། མ་དངུལ་འཇོག་པ་དང་ཁྲལ་བབ་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཁུལ་ཡོངས་ཀྱི་དམངས་འཚོའི་གཏོང་སྒོ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོའི་བསྡུར་ཚད་བརྒྱ་ཆ69ལ་ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་བརྒྱ་ཆ5.5ནང་ཚུད་དུ་ཚོད་འཛིན་བྱས་ཡོད། གཞི་རྩའི་སྤྱི་པའི་ཞབས་ཞུའི་བློར་བབས་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

འདས་ཟིན་པའི་ལོ་གཅིག་ལ་ཕྱི་མིག་བལྟས་ན། གཙོ་བོ་གཤམ་གྱི་ལས་དོན་ཁག་དམ་འཛིན་བྱས་ཡོད།

ང་ཚོས་ཤུགས་ཡོད་རྒུས་དཔལ་འབྱོར་འགྲན་གཉེར་བྱས་ཏེ། ཐོན་ལས་འཕེལ་ཤུགས་སྔར་བས་ཆེ་རུ་སོང་ཡོད། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཤིང་། མཐུན་རྐྱེན་ལེགས་ཆ་བཏོན་པ་དང་། རིག་གནས་ཡུལ་སྐོར་གྱི་ཁུལ་དང་ནུས་རྒྱུའི་ཁུལ། ལྷད་མེད་སྐྱེ་ལྡན་གྱི་ཁུལ་བཅས་དོན་ཆེན་གསུམ་དོན་ལ་ཞིབ་ཕྲ་འཁྱོལ་བར་བྱས་ཏེ། སྐྱེ་ཁམས་དཔལ་འབྱོར་གཙོ་ཁྲིད་དུ་བྱས་པའི་ཁྱད་ཆོས་ཐོན་ལས་རྒྱས་ཤིང་ཕན་འབྲས་ཐོན་ཡོད།

རིག་གནས་ཡུལ་སྐོར་གྱི་ཁུལ་འཛུགས་པའི་སྤུས་རིམ་འཕར་ཡོད། རི་བོ་གངས་དཀར་ཡུལ་སྐོར་སྤྲོ་གསེང་ཁུལ་གྱི་འཆར་འགོད་བཟོས་པ་དང་། རི་བོ་གངས་དཀར་ཆེན་པོའི་རི་ཀླུང་མི་རིག་ཡུལ་སྐོར་བྱ་ཡུལ་འཛུགས་པའི་ལས་ཚན10སྤེལ་འགོ་བཙུགས་ཤིང་མ་དངུལ་སྒོར་དུང་ཕྱུར1.2བཏང་ཡོད། ཤམ་བྷ་ལ་ཆེན་པོའི་ཡུལ་སྐོར་འགྲིམ་འགྲུལ་མཉམ་འདྲེས་ཀྱི་འཛུགས་སྐྲུན་རྣམ་གྲངས9ལག་ལེན་བསྟར་ནས་མ་འཇོག་སྒོར་དུང་ཕྱུར18.28བཏང་ཡོད། རྒྱལ་ལམ318པ་དང་ལྷོ་ལམ་ལི་ཐང་ནས་ཉི་སྟེན་བར་གྱི་གཞུང་ལམ་ཞབས་ཞུའི་སྒྲིག་བཀོད་མུ་མཐུད་དེ་རིམ་པ་སྤར་བ་དང་། ཞབས་ཞུའི་ཁུལ11གི་སྒོ་ཕྱེ་བ་དང་། རླངས་འཁོར་གློག་གསོག་སྦགས་མེད་འགྲོ་ལམ་ཡོངས་ལ་ཁྱབ་ཡོད། སི་ཁྲོན་ཡུལ་སྐོར་ཁྱད་ཆོས་རྫོང་གི་གྲོང་སྡེ་དང་གནས་ཚང་འགྲུལ་ཁང་གྲགས་ཅན6དང A རིམ་པའི་ལྗོངས་ཁུལ19གསར་དུ་འཕར་བ་དང་། གངས་དཀར་ལྷ་ཆབ་ཆུ་ཚན་མགྲོན་ཁང་དང་མིང་ཀྲུའུ་མེ་ཏོག་ལྡུམ་ར་མགྲོན་ཁང་བསྐྱར་དུ་བསྒྲིགས་ནས་འཛུགས་སྐྲུན་འགོ་ཚུགས་ཡོད། འབྲུ་ལྔའི་ཉིང་ཁུ་ དར་མདོ་རིག་གནས་ཡུལ་སྐོར་མགྲོན་ཁང་འཛུགས་སྐྲུན་བྱེད་འགོ་བཙུགས་ཡོད། ཁུལ་ཡོངས་ཀྱི་ཡུལ་སྐོར་གནས་ཚང་འགྲུལ་ཁང་མཐུན་ཚོགས་བཙུགས་པ་དང་། རིམ་པ་ཡོད་པའི་གནས་ཚང་འགྲུལ་ཁང55དཔྱད་འབེབས་བྱས་ཡོད། ཡུལ་སྐོར་ལམ་སྤུས་དག21བཟོས་པ་དང་། དར་ལམ་དཀར་མཛེས་ཁྲོན་ནུབ་སྦས་ཡུལ་ཞེས་པའི་གྲགས་རྟགས་དཔེ་མཚོན་རྒྱལ་ཡོངས་སུ་རྒྱལ་སྤྱིའི་ཨེར་ཆི་བྱ་དགའི་རིག་གནས་ཡུལ་སྐོར་གསེར་གྱི་རྟགས་མ་ཐོབ་པའི་གྲགས་རྟགས་ལ་གྱུར་ཡོད། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བའི་ལོ་དྲུག་གི་བྱ་སྤྱོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། བློ་བདེ་སེམས་སྐྱིད་ཀྱི་འཛད་སྤྱོད་ཡུལ་སྡེ་དང་ལྗོངས་ཁུལ། ཁྲོམ་གཞུང་། ཚོང་དུད་བཅས1857བསྐྲུན་ཡོད། དཀར་མཛེས་ཁུལ་གྱི་བྲོ་བ་ཡོད་པའི་ཁྱད་ཆོས་ཟས་མཆོག70བདམས་པ་དང་། ཁྱད་ཆོས་ཟས་མཆོག་གི་ས་བཀྲ་མྱོང་རོལ་ཁང182བཀོད་ཡོད། རང་ཁུལ་རྒྱལ་ཡོངས་ཀྱི་གནམ་གཤིས་ཡུལ་སྐོར་གྱི་སྟོན་གྲངས་དམིགས་འབེབས་གྲོང་ཁྱེར་དུ་གྱུར་ཡོད། དཀར་མཛེས་ཁུལ་གྱི་རི་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་སོགས་ཀྱི་བྱེད་སྒོ་ཡུལ་སྐོར་བའི་ཡིད་དབང་འགུག་པའི་བཀྲག་མདངས་འཚེར་ས་གསར་པར་གྱུར་ཡོད། ལོ་ཧྲིལ་པོར་ཡུལ་སྐོར་བ་ཁྲི4300ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར471ལ་ཟིན་ཞིང་། བརྒྱ་ཆ3.89དང་བརྒྱ་ཆ3.97སོ་སོར་འཕར་ཡོད།

ནུས་རྒྱུའི་ཁུལ་འཛུགས་པ་བབ་བསྟུན་ཡར་རྒྱས་བྱུང་ཡོད། 2024ལོ་ནི་རང་ཁུལ་ནུས་རྒྱུ་གཙང་མ་གསར་སྤེལ་དང་འཛུགས་སྐྲུན་ཚད་བརྒལ་རང་བཞིན་གྱི་རིམ་པ་སྤར་བའི་ལོ་ཞིག་ཡིན། མ་དངུལ་སྒོར་དུང་ཕྱུར261.04བཏང་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད། ནུས་རྒྱུ་གཙང་མའི་འཕྲུལ་གློག་འདོན་ཚད་བྱེ་བ་གཉིས་ལས་བརྒལ་ནས་སྟོང་ཝོལ་ཁྲི2031ལ་ཟིན་པ་དང་། གློག་ཕྱིར་འདྲེན་ནུས་པ་ས་ཡ6གསར་དུ་འཕར་ནས་གློག་སྟོང་ཝོལ་ཁྲི1805ལ་ཟིན་ཡོད། གློག་གསར་སྤེལ་གྱི་གཞི་ཁྱོན་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད་པ་དང་། རིམ་རྩིས་བྱས་ན་འོད་ཤུགས་སྟོང་ཝོལ་ཁྲི1720ལ་ཆོག་མཆན་ཐོབ་ཅིང་། འོད་ཤུགས་གསར་སྤེལ་གྱི་གཞི་ཁྱོན་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཞིང་ཆེན་ཡོངས་ཀྱིས་ཡར་ཞུས་པའི་གཙོ་གནད་ལག་ལེན་བསྟར་བའི་འཐེན་གསོག་ལས་ཚན22ཀྱི་ནང་དུ་དཀར་མཛེས་ཁུལ་གྱི10ཡོད་པ་དང་འཕྲུལ་གློག་འདོན་ཚད་སྟོང་ཝོལ་ཁྲི1275ཡིན་ལ། གྲངས་འབོར་དང་གཞི་ཁྱོན་ཚང་མ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། འཐེན་གསོག་ལས་ཚན6ལ་ཆོག་མཆན་ཐོབ་པའམ་ཁྲིམས་མི་འདེམས་འགྲན་བྱས་ཤིང་། འཕྲུལ་གློག་འདོན་ཚད་སྟོང་ཝོལ་ཁྲི810ཡིན་ལ་གསར་སྤེལ་གཞི་ཁྱོན་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཡོན་གནས་ཕུག་ཆུ་ཤུགས་གློག་ཁང་དང་། སྤུན་གསུམ་གྱི་འོད་ཤུགས་གློག་ཁང་བསྐྲུན་ནས་གློག་བཏོན་ཡོད། འཛམ་གླིང་ཡོངས་ཀྱི་མཚོ་འཕགས་ཆེས་མཐོ་བ་དང་ཞིང་ཆེན་ཡོངས་ཀྱི་འཕྲུལ་གློག་འདོན་ཚད་ཀྱི་གཞི་ཁྱོན་ཆེས་ཆེ་བའི་རྟའུ་འཐེན་གསོག་གློག་ཁང་འཛུགས་པའི་འགོ་ཚུགས་ཡོད། འབྲི་ཆུ་སྟོད་རྒྱུད་ཀྱི་སྟོང་ཝོལ800ཡས་མས་ཀྱི་ཁྱད་མཐོ་གློག་གནོན་ཐད་རྒྱུག་ལས་གཞི་ལས་འགོ་བཙུགས་པ་དང་། སི་ཁྲོན་དང་ཁྲུང་ཆིང་གི་གློག་དྲྭ་སྟོང་ཝོལ1000ཡི་སྤེལ་རྒྱུག་གློག་དང་ཡོན་གནས་ཕུག་གི་སྟོང་ཝོལ500ཡི་གློག་ཕྱིར་འདྲེན་ལས་གཞི་བསྐྲུན་ནས་སྤྱོད་འགོ་བཙུགས་པ་དང་། གློག་སྟོང་ཝོལ500ཅན4ཡི་གློག་ཕྱིར་འདྲེན་ལས་གཞིའི་རྣམ་གྲངས་རྒྱལ་ཁབ་དང་ཞིང་ཆེན་གྱི་འཆར་འགོད་ནང་བཅུག་ཡོད། བསྟུད་མར་ཉིན42ལ་ཉིན་རེར་ཕྱི་འདྲེན་གློག་ཚད་ཏུའུ་དུང་ཕྱུར2ཡན་ལ་ཟིན་པ་དང་། ལོ་ཧྲིལ་པོར་དྲྭར་ཞུགས་གློག་ཚད་སྟོང་ཝོལ་དུང་ཕྱུར590ཡིན་ཞིང་། གློག་འཚོང་རིན་ཐང་སྒོར་དུང་ཕྱུར119ལ་ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ལིས་ཐོན་ཁུངས་སྦགས་མེད་གསར་སྤེལ་ཚོད་ལྟའི་ཁུལ་བཙུགས་པ་དང་། ཉིང་ཏེའི་དུས་རབས་སོགས་ལིས་གཏེར་སྔོག་འདེམས་ལས་ཚན5ལ་སྐུལ་འདེད་མགྱོགས་སུ་བཏང་བ་དང་། གཏེར་ལས་བདག་དབང5གསར་དུ་ནང་བཤུག་བྱས་ཤིང་། སྨད་རྒྱུད་ཐང་ལིས་གཏེར་རྒྱལ་ཡོངས་ཀྱི་འོས་འགུགས་བྱེད་ཐབས་ལ་བརྟེན་ནས་ལིས་གཏེར་རྡོའི་གཏེར་ལས་དབང་ཆ་ནང་བཤུག་ལམ་ལྷོང་བྱུང་ཐེངས་དང་པོ་ཡིན།

སྐྱེ་ལྡན་ཁུལ་འཛུགས་པའི་འཁོར་འབྲེལ་གསབ་མཐུད་ལ་ཕན་འབྲས་ཐོན་ཡོད། ས་གནས་ཀྱི་ཚད་གཞི17གཏན་འབེབས་བྱས་ཤིང་། “ཐོན་རྫས་གསུམ་དང་ས་གཤིས་མཚོན་རྟགས་གཅིག”་གི་ཞིང་ཞོར་ཐོན་རྫས336ཡོད་ཅིང་། སྐྱེ་ལྡན་བྱེད་པོ124ལ་ཟིན་ཡོད། སྐྱེ་ལྡན་ཐོན་རྫས་ཀྱི་དཔང་ཡིག253ཡོད་པ་དང་། སྐྱེ་ལྡན་ཐོན་རྫས་ཀྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི56.7ལ་ཟིན་ཞིང་། ཐོན་འབོར་ཏུན་ཁྲི12.9བྱུང་བ་དང་། བརྒྱ་ཆ57.3འཕར་ཡོད། ནོར་གནག་ཐོན་ལས་ཁྱུ་ཚོགས་ཀྱི་རྣམ་གྲངས21བསྐྲུན་པ་དང་། མིས་བཟོས་ གཟན་རྩྭ་མུའུ་ཁྲི30.3འཕེལ་རྒྱས་བཏང་ཞིང་། གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ18གསར་དུ་བཙུགས་ཡོད། ཕྱོགས་བསྡུས་བེད་སྤྱོད་ཐོན་སྐྱེད་རྒྱུད་རིམ5གསར་དུ་བསྣན་པ་དང་། ནོར་གནག་ཐོན་རྫས་རབ་རིམ41གསར་དུ་སྤེལ་ཡོད་ཅིང་། ཐོན་ལས་འཁོར་འབྲེལ་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར75.18ཡིན་ཞིང་བརྒྱ་ཆ45.74འཕར་ཡོད། རྒྱལ་ཡོངས་ཀྱི་རྩྭ་ཐང་རིགས་སྒྱུར་རིམ་སྤོར་ཚོད་ལྟའི་རྫོང2གསར་དུ་བསྣན་པ་དང་། དཀར་མཛེས་ནོར་གནག་ཐོན་ལས་ཁྱུ་ཚོགས་ལས་ཚན་རྒྱལ་ཁབ་ཀྱི་དུས་རིམ་རྗེས་མའི་དཔྱད་འཇོག་ཐུབ་ཡོད། བོད་ཕག་ལས་ཚན28བསྐྲུན་པ་དང་། བོད་ཕག་གི་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས11གསར་དུ་བསྐྱངས་ཤིང་། ཕག་བཤས་རར་ཁྲི23.2བཏང་ཡོད། ཆང་བསྙལ་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་གཏོང་བའི་སྲིད་ཇུས་དང་བྱེད་ཐབས20དོན་འཁྱོལ་བྱས་ནས། ཆང་བསྙལ་རྒུན་འབྲུམ་མུའུ5133བཙུགས་པ་དང་། ལོའི་ལས་སྣོན་ནུས་པ་ཏུན800ཡིན་ཞིང་། ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར1.8ཡིན་ལ་བརྒྱ་ཆ13འཕར་ཡོད། ཉི་མ་ལུང་པའི་རྒུན་ཆང་སྤུས་རྟགས་ཀྱི་ཁྲོམ་རར་མཚན་སྙན་ཐོབ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ཡོད། རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་ཉེན་མེད་ཀྱི་ཏང་སྲིད་འགན་འཁྲི་མཉམ་འཁུར་གྱི་དཔྱད་ཞིབ་ཞིང་ཆེན་ཡོངས་ཀྱི་མདུན་གྲས་སུ་སླེབས་ཡོད་པ་དང་། ཚད་གཞི་མཐོན་པོའི་ཞིང་མུའུ3000གསར་དུ་བསྣན་པ་དང་། རྨོ་ཞིང་སྲུང་ཁྱོན་མུའུ་ཁྲི131.33ཡོད་ཅིང་། འབྲུ་རིགས་ཐོན་ཚད་ཏུན་ཁྲི23.4ལ་ཟིན་ཡོད། དེང་རབས་མཐོ་སྒང་ཁྱད་ཆོས་ཞིང་འབྲོག་ལས་ཀྱི་རྟེན་གཞི་མུའུ་ཁྲི97.76བསྐྲུན་པ་དང་། ཞིང་ཆེན་དང་ཁུལ་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ20གསར་དུ་བསྣན་ཡོད། བཟའ་བཅའ་བཏུང་བ་དང་རྒྱ་བོད་ལུགས་སྨན་རྫས། ཁྱད་ཆོས་ལས་སྣོན་ལས་རིགས་བཅས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར38ལ་ཟིན་ཡོད། གསར་དུ་གསོ་སྤེལ་བྱས་པའི་མཐོ་སྒང་ཆུ་འབུ་གློ་ཉའི་ལོའི་ཐོན་ཚད་ཏུན5ཡིན། ཁུལ་ཡོངས་ཀྱི་ཞིང་ལས་ཁྱད་ཆོས་ཐོན་ལས་ཚོང་ཚོགས་བཙུགས་ཡོད། ཉག་ཆུ་རྫོང་གི་བེ་ཤ་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞིའི་མིང་ཐོར་ཚུད་པ་དང་། ཉག་ཆུ་རྫོང་ཞིང་ཆེན་ཡོངས་ཀྱི་རྒྱལ་ཡོངས་རི་སྐྱེས་ཤ་མོའི་སྐྱེ་ལྡན་རྟེན་གཞི་ཉག་ཅིག་ཏུ་གྱུར་པ་དང་། རོང་བྲག་རྫོང་གི་མོན་སྲན་སེར་པོ་རྒྱལ་ཡོངས་དཔེ་མཚོན་ཅན་གསར་སྤེལ་གྱི་དཔེ་མཚོན་ཆེན་པོ་བཅུའི་གྲས་སུ་ཚུད་ཅིང་། ར་རྔ་ཁའི་སི་ཁྲོན་སྙི་བ་འདེབས་འཛུགས་རྟེན་གཞིར་རྒྱལ་ཁབ་ཀྱི་དཔང་གཅོད་ཐོབ་ཡོད། ཁམས་ནས་གསུམ་པ་ལ་ཞིང་ལས་ཞིང་སྡེ་པུའུ་ཡི་དཔང་གཅོད་ཐོབ་པ་དང་། འབའ་ཐང་རྫོང་གི་ཀྲུང་ཧྭ་སྦྲང་འབུ་རྒྱལ་ཁབ་རིམ་པའི་རྒྱུད་རྒྱུ་ཐོན་ཁུངས་གྱི་གྲས་སུ་བདམས་ཡོད། རྒྱལ་ཁབ་ཀྱི་ཕྱུགས་བྱའི་རྒྱུད་བཟང་ཐོན་ཁུངས14ལ་ཟིན་པ་དང་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པ་ཡིན་པ་རེད།

སྒུལ་ནུས་ཆེན་པོ་བཞིར་ནུས་པ་རྒྱས་ཤིང་འཕེལ་སྟོབས་ཆེ། བསྒྱུར་བཅོས་ཀྱི་དོན་ཚན40གྲུབ་པ་དང་། རེས་སྐོར་གསར་པའི་སྲིད་གཞུང་གི་སྒྲིག་གཞི་དང་སྲིད་འཛིན་ཁྲིམས་འཛིན་སྒྲིག་སྲོལ་བསྒྱུར་བཅོས་ཁྱོན་ཡོངས་ནས་གྲུབ་ཡོད། ཁུལ་གཏོགས་རྒྱལ་དབང་ཁེ་ལས་བསྐྱར་དུ་བསྒྲིགས་པ་དང་ཉི་སྟེན་ལྗོངས་ཁུལ་གྱི་དོ་དམ་སྒྲིག་སྲོལ་ལམ་སྲོལ་བསྒྱུར་བཅོས་ལག་ལེན་བསྟར་ཡོད། ཞིང་སྡེའི་ཁང་ཞིང་གཞི་གཅིག་ཅན་གྱི་བསྒྱུར་བཅོས་ལག་ཁྱེར་ཁྲི11.2སྤྲད་ཡོད། ཞིང་སྡེའི་ཐུན་མོང་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་སྤྱོད་ཐོག་མ་ཁྲོམ་རར་བཏོན་ཡོད། ཨར་སྐྲུན་ཁེ་ལས3ནང་དུ་དྲངས་པ་དང་། ལས་ཚན་གྱི་གྲས་སུ་ཚུད་པའི་ཨར་སྐྲུན་ཁེ་ལས17གསར་དུ་བསྣན་ཡོད། ལོ་ཧྲིལ་པོར་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར55ལ་ཟིན་ནས་བརྒྱ་ཆ11འཕར་ཡོད། དངུལ་བུན་ཁག་གི་མ་རྩའི་ཆ་སྙོམས་སྐྱེད་ཚད་བརྒྱ་ཆ3.24ཡིན་ཞིང་གཞི་ཐིག93མར་ཆག་ཡོད། དངོས་གཉེར་དཔལ་འབྱོར་གྱི་དངུལ་སྡུད་མ་གནས་ལོ་རྒྱུས་ཀྱི་ཆེས་དམའ་ཤོས་སུ་ཆག་ཡོད། འོད་ཤུགས་ལས་ཚན15ཡི་ཐཱན་བསྐྱུང་འབུད་དངུལ་བུན་སྒོར་དུང་ཕྱུར93.7ཡིན་ལ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཀུན་ཕན་དངུལ་བུན་ཆུང་གྲས་ཀྱི་ལྷག་གྲངས་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། རྒྱལ་ཁབ་ལག་རྩལ་སྤོ་སྒྱུར་ལྷོ་ནུབ་ལྟེ་གནས་དཀར་མཛེས་ཁུལ་ཡན་ལག་ལྟེ་གནས་དང་ཞིང་ཆེན་ཞིང་ལས་ཚན་རིག་གླིང་དཀར་མཛེས་ཁུལ་ཡན་ལག་སློབ་གླིང་། ཞིང་ཆེན་སློབ་གླིང་དང་སློབ་གྲྭའི་ཚན་རྩལ་གསར་གཏོད་མཉམ་ལས་ཞབས་ཞུ་སྟེགས་བུ་དཀར་མཛེས་ཡན་ལག་སྟེགས་བུ་བཙུགས་ཡོད། རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས2དང་། ཞིང་ཆེན་རིམ་པའི་ཚན་རྩལ་ཅན་གྱི་ཁེ་ལས་ཆུང་འབྲིང47དང་། ཁུལ་རིམ་པའི་གཙོ་གནད་ཚོད་ལྟ་ཁང་དང་མི་མང་ལས་གཏོད་བར་ཁོངས། ཁེ་ལས་ལག་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་བཅས6གསར་དུ་བསྣན་ཡོད། འཛམ་གླིང་གི་འཁོར་མདའ་ཆ་འགྲིག་ཉི་མའི་རྒྱང་ཤེལ་ཆེ་ཤོས་དང་ནུས་པ་ཆེས་མཐོ་བའི་གྷེ་མའི་ལངས་གཟུགས་རྗེས་སྙེག་སྒྲིག་ཆས་ཆེ་གྲས་འདབ་པ་རྫོང་དུ་བཙུགས་ཡོད། འདབ་པའི་ལུང་བསྟན་གནམ་དཔྱད་ཚན་རྩལ་ཐོན་ལས་གླིང་ཚོད་ལྟ་འཁོར་སྐྱོད་བྱས་ཤིང་། མཚོ་འཕགས་མཐོ་བའི་འཇིག་རྟེན་འཕྲོ་ཐིག་དཔྱད་འཇལ་ས་ཚུགས་རིམ་འདས་འཇིག་རྟེན་འཕྲོ་ཐིག་གི་འབྱུང་ཁུངས་ཐོག་མ་ཡིན་པ་གཏན་ལ་ཕབ་ཡོད། དཀར་མཛེས་ཁུལ་དང་མེན་ཧྲན་གླིང་ཁུལ་ཞིང་ཆེན་རིམ་པའི་སྦགས་མེད་ཐཱན་ཉུང་གི་ཁྱད་ཡོན་ཐོན་ལས་ཀྱི་གཙོ་གནད་གླིང་ཁུལ་དུ་གྱུར་ཡོད། ཁྲེང་ཏུའུ་དང་དཀར་མཛེས་ཁུལ་གླིང་ཁུལ་གྱི་སྒྲིག་སྲོལ་དང་ལམ་སྲོལ་ཚགས་སྡེབ་བྱས་ཤིང་། དཀར་མཛེས་ཁུལ་དང་སུའེ་ལིང་། དཀར་མཛེས་ཁུལ་དང་དབྱི་པིན་གླིང་ཁུལ། དཀར་མཛེས་ཁུལ་དང་གཡག་རྔ་གླིང་ཁུལ་བཅས་འཁོར་སྐྱོད་ཐུབ་པ་དང་། ས་ཁོངས་བརྒལ་བའི་གླིང་ཁུལ་གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར380ལ་ཟིན་ནས་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར1.8ལ་ཟིན་ཡོད། ཚོང་འགུགས་མ་འདྲེན་རྣམ་གྲངས28བཞག་པ་དང་། ལས་ཚན62ལག་ལེན་བསྟར་ནས་མ་དངུལ་སྒོར་དུང་ཕྱུར165ལག་ཐོག་འབྱོར་ཡོད། ཕྱི་ཕྱོགས་མཚོ་ཤག2བཙུགས་པ་དང་། ཕྱི་ཕྱོགས་ཉོ་ཚོང་ཁེ་ལས22ལ་ཟིན་ཡོད། རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་ལས་“གྲགས་ཁྱད་བཟང་གསར”དང་ཞིང་ཆེན་ཡོངས་ཀྱི་སི་ཁྲོན་འབྲུ་མཛོད་ཀྱི་སྤུས་རྟགས་སྤུས་བཟང7གསར་དུ་བསྣན་ཡོད། ལྷ་གཡག་དཀར་མཛེས་ཀྱི་སྤུས་རྟགས་ལ་རྒྱལ་ཁབ་ཀྱི་ཐོ་འགོད་ཐོབ་པ་དང་། གནས་མཆོག་དཀར་མཛེས་ཀྱི་སྤུས་རྟགས་ཀྱི་རིན་ཐང་སྒོར་དུང་ཕྱུར84.88ལ་ཟིན་ཡོད། དྲྭ་ཐོག་དཀར་མཛེས་ཚོད་ལྟ་བཀོལ་སྤྱོད་ཐུབ་པ་དང་། ཨང་ཀིའི་བཀོལ་སྤྱོད་རྣམ་སྣང27གསར་དུ་འཕར་བ་དང་། དུས་བདེའི་དཀར་མཛེས་མ་ལག་འདུས་གྲུབ་སྟེགས་བུ་འཛུགས་སྐྲུན་གྱི་འགོ་ཚུགས་ཡོད། ཞིང་ཆེན་ཡོངས་ཀྱི་སྦགས་མེད་རིག་རྩིས་ཤག་ཐོག་མ་བཙུགས་ནས་བཀོལ་སྤྱོད་ཐུབ་ཡོད། རང་ཁུལ་རྒྱལ་ཁབ་ཀྱི་ཨང་ཀིའི་ཡུལ་སྡེ་ཚོད་ལྟར་ཁུལ་གྱུར་ཡོད།

ནང་མཁོའི་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། ལས་ཚན་ལ་མ་དངུལ་འཇོག་པ་འགྲན་རྒྱུག་བརྩོན་སྐུལ་དང“མིང་ཐོ་དམར་ནག”དང་། དེ་བཞིན་ལས་ཚན་གྱི་མ་དངུལ་དང་སྲིད་ཇུས་བརྩོན་ལེན་བྱས་ཚུལ་བརྡ་ཁྱབ་གཏོང་བའི་ལམ་སྲོལ་བཅས་དོན་ལ་འཁྱོལ་བ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་གི་མ་དངུལ་སྙན་སེང་ལས་འགན་སྔ་སྣུར་དུ་ཚད་ལས་བརྒལ་ནས་གྲུབ་ཡོད། ལོ3བསྟུད་མར་ཞིང་ཆེན་གྱི་སྔོན་བཀོད་ལས་དོན་གྱི་བརྩོན་སྐུལ་མ་དངུལ་སྒོར་དུང་ཕྱུར1ལ་ཉེ་བ་རག་ཡོད། སྒོར་དུང་ཕྱུར་ཡན་གྱི་ལས་ཚན་ཆེན་པོ97བསགས་པ་དང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར7438.42བཏང་ཡོད། ལས་ཚན་ཐུམ་སྒྲིལ2353དང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར788.66བཏང་ཡོད། ཁུལ་རིམ་པའི་གཙོ་གནད་ལས་ཚན58བསྐྲུན་པ་དང་། མ་དངུལ་སྒོར་དུང་ཕྱུར118.01བཏང་ནས་གྲུབ་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་འགོའི་ཞིབ་འཇུག་བྱ་གཞི་གལ་ཆེན་དང་ཆེད་དོན་འཆར་འགོད་ཁག16ལ་ཞིབ་འཇུག་བྱ་འགོ་བཙུགས་ཡོད། ཁམས་ལྷོ་ལི་ཐང་ཟོང་འདྲེན་གླིང་ཁུལ་བསྐྲུན་པ་དང་། ཁྲོམ་རའི་བྱེད་པོ10571དང་སྒེར་གཉེར་ཁེ་ལས་ལ་སྒྱུར་བའི་དུད་ཚང114གསར་དུ་འཕར་བ་དང་། དགོས་མཁོ་ཀུན་ཚང་གི་གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་དུད་ཚང64བསྐྱངས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཁེ་ལས་ལ་དཀའ་སེལ་རོགས་རམ་གྱི་མ་དངུལ་སྒོར་ཁྲི457བཏང་ནས་ཁེ་ལས་ཀྱི་ཆད་འགྱངས་མ་དངུལ་སྒོར་དུང་ཕྱུར25.59སྤྲོད་རོགས་བྱས་ཡོད། བག་ཕེབས་པའི་སི་ཁྲོན་ཡུལ་ལ་དགའ། ཚོང་སྐྱིད་པོ་དཀར་མཛེས་ཁུལ་ལ་རྒྱག་ཅེས་པའི་འཛད་སྤྱོད་ལ་སྐུལ་བའི་བྱེད་སྒོ་རབ་དང་རིམ་པ180སྤེལ་ནས་སྤྱི་ཚོགས་ཀྱི་འཛད་སྤྱོད་སྒོར་དུང་ཕྱུར4.3ཡོང་བར་བསྐུལ་ཡོད། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་བྱ་སྤྱོད་སྤེལ་བ་དང་། རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་རྙིང་ཚབ་གསར་བརྗེ14772བྱས་ཡོད། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པ་ལེགས་གྲུབ་བྱུང་བ་དང་། སྒེར་གཉེར་གཉེར་སྐྱོང་དུད་ཚང་དང་ཁེ་ལས་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་བཞི་པ་ལས་བརྒྱ་ཆ51.7དང་བརྒྱ་ཆ185སོ་སོར་འཕར་ཡོད།

ང་ཚོས་ཐོག་མཐའ་བར་གསུམ་དུ་བདེ་འཇགས་ལ་འགན་ལེན་བྱས་ཏེ། སྤྱི་ཚོགས་ཀྱི་སྤྱི་ཡོངས་སྔར་བས་འཆམ་མཐུན་ཡོང་བར་བྱས་ཡོད། འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ་དང་བདེ་འཇགས་ཆུ་ཚད་མཐོན་པོར་ཡོང་བར་མཉམ་འགུལ་ཡག་པོ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྣང་ལ་དེ་བས་འགན་སྲུང་ཡོད་པ་བྱས་ཡོད།

བརྟན་ལྷིང་སྲུང་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པོ་ཡིན། གཙོ་གནད་དུས་མཚམས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བ་དང་། ནག་སེལ་གཤེད་འཇོམས་ཀྱི་འཐབ་རྩོད་མུ་མཐུད་དེ་བསྐུལ་བ། འཆམ་མཐུན་མཐའ་མཚམས་རྒྱུན་མཐུད་དེ་བསྐྲུན་ཡོད། ཟབ་བཅོས་སྐྱོང་མཁས་ཀྱི་ཉེན་རྟོག་ལས་དོན་གྱི་གྲགས་རྟགས58བཏོད་པ་དང་། ཉེས་དོན་གྱོད་གཞི་བརྒྱ་ཆ15.9ཆག་ཅིང་། མང་ཚོགས་ཀྱི་དུས་བདེའི་ཡི་རང་ཚད་དཔྱད་འདེམས་ཞིང་ཆེན་ཡོངས་ཀྱི་མདུན་གྲས་སུ་གནས་ཐུབ་ཡོད། ཆོས་ལུགས་བྱེད་སྒོ་སྤེལ་བའི་སྔོན་ལ་བཅའ་ཁྲིམས་སྦྱོང་བའི་ལམ་ལུགས་བཙུགས་པ་དང་། གཙོ་གནད་དགོན་པ་དག་ཐེར་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་བཏང་ཡོད། ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་འཆམ་འགྲིག་ཡོང་བར་ཁག་ཐེག་བྱས་ཡོད། དངུལ་རྩའི་ཉེན་ཁ་འགོག་ཟོན་བྱེད་ཤུགས་ཆེ་རུ་བཏང་བ་དང་། དངུལ་བུན་ལུགས་མཐུན་མིན་པ་སྒོར་དུང་ཕྱུར3.97གནོན་བཅག་བྱས་ཡོད། མི་མངོན་པའི་བུ་ལོན་སེལ་བའི་ལས་འགན་ལེགས་འགྲུབ་བྱས་ཡོད།

གནོད་འཚེ་སྔོན་འགོག་གི་ཕན་འབྲས་མངོན་གསལ་དོད་པོ་ཡིན། མེ་སྤྱོད་སྙན་སེང་གཉིས་ཀྱི་ལམ་ལུགས་གསར་དུ་བཟོས་པ་དང་། གློག་འདྲེན་སྦྱོར་སྒྲིག་ཆས་ཀྱི་མེ་སྐྱོན་འགོག་ཟོན་གྱི་གནས་སྐབས་གཏན་འབེབས་བཟོས་ཡོད། མེ་ཟོན་བགྲོད་ལམ་སྤྱི་ལེ107དང་། བརྙན་རིས་ལྟ་དཔྱད་ཚད་ལེན་མ་ལག་དང་ས་ཚུགས་གཉིས་སུ་སོ་ཁང་གཅིག། མེ་ཟོན་ཆུ་རྫིང་། གནམ་གྲུ་འབབ་ས་བཅས104གསར་དུ་བསྐྲུན་ཡོད། མེ་གསོད་རླངས་འཁོར50དང་འགུལ་བསྐྱོད་འཕྲིན་འཁོར7དང་། མི་མེད་གནམ་གྲུ40དང་། ཆུ་འཐེན་འཕྲུལ་འཁོར518དང་། ཆུ་ཐག་སྨི་ཁྲི4.8བཅས་གསར་དུ་སྒྲིག་སྦྱོར་བྱ་ཡོད། ཕྱོགས་བསྡུས་རོགས་སྐྱོབ་དཔུང་ཁག2710དང་མི་ཁྲི5ལྷག་ཡོད་པ་བཙུགས་ཏེ2004ལོ་ནས་བཟུང་དྲོད་ཚད་ཆེས་མཐོ་བ་དང་ཆར་ཆུ་ཆེས་དཀོན་པ། རླན་ཚད་ཆེས་དམའ་བ། རླུང་ཆེན་ཡོད་པའི་ཉིན་གྲངས་ཆེས་མང་བ་བཅས་ཀྱི་གནམ་གཤིས་ཐལ་དྲགས་ཆེ་བའི་མེ་སྐྱོན་གྱི་ཉེན་ཁ་ཚབས་ཆེན་གྱི་འགྲན་སློང་ལ་ཁ་གཏད་གང་ལེགས་འཇལ་བ་དང་། གསུམ་པའི་ཚེས་བཅོ་ལྔ་ཉིན་ཉག་ཆུ་རྫོང་གི་ནགས་ཚལ་མེ་སྐྱོན་སེལ་བའི་ཉམས་མྱོང་ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཁྲིད་ཀྱི་དྲང་ཕྱོགས་དཔེ་མཚོན་དུ་གྱུར་ཡོད། དོ་དམ་བྱེད་མཁན་ཡོད་པ་དང་གྲབས་སྦྱོང་བྱེད་མཁན་ཡོད་པ། འབོད་མཁན་ཡོད་པ་བཅས་ཀྱི་བརྒྱུད་ལམ་གསུམ་གྱི་ལས་དོན་བྱེད་ཐབས་དང་། “ལུང་པའི་དཔོན་པོ་དང་ས་ཚུགས་ཀྱི་དཔོན་པོ་ཟུང་དུ་སྦྲེལ་བའི”འགན་འཁྲིའི་ལམ་ལུགས། སྲོལ་རྒྱུན་གྱི་བྱེད་ཐབས་དང་ཚན་རྩལ་གྱིས་ནུས་པ་སྤྲོད་པ། ཉེན་གཡོལ་དཔེ་མཚོན་ཡག་པོར་བྱ་དགའ་ཆེན་པོ་སྤྲོད་པ་བཅས་ཀྱི་བྱེད་ཐབས་བཙན་པོ4བེད་སྤྱོད་ཡག་པོ་བྱས་ཤིང་། ས་གཤིས་གནོད་འཚེ་ལས་གཞི་བཅོས་སྐྱོང་དང་ཉེན་སེལ་གནོད་སེལ་ལས་ཚན170དང་ཞོད་སྐྱོན་འགོག་བཅོས་ལས་ཚན13བསྐྲུན་ཡོད། དུད་ཚང1436ཉེན་གཡོལ་གནས་སྤོ་བྱས་ཡོད། ལོ་རྒྱུས་ཐོག་མཐོང་དཀོན་པའི་ཆར་ཆུ་བབས་པའི་ཉིན་གྲངས་མང་བ་དང་། དྲག་ཆར་འབབ་པའི་དུས་ཡུན་རིང་བ། རིམ་བསགས་ཆར་པ་འབབ་ཚད་ཆེ་བ། ཁེབས་རྒྱ་ཆེ་བ། གནོད་འཚེ་ཕོག་ཚད་མང་བ། གནོད་འཚེའི་གྱོང་གུན་ཚབས་ཆེ་བ་བཅས་ཀྱི་ཆུ་ལོག་དང་ས་གཤིས་གནོད་འཚེའི་ཉམས་སད་ཐེག་ཐུབ་ཡོད་ཅིང་། ལྕགས་ཟམ་རྫོང་མུ་ཀྱོག་ལུང་གི་ས་གཤིས་གནོད་འཚེ་འགོག་བཅོས་ཉམས་མྱོང་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་བ་རེད། གནམ་གཤིས་རེག་བརྡ་དང་བྱང་སྐར་གནམ་དཔྱད་ས་ཚུགས། རང་འགུལ་གནམ་གཤིས་ས་ཚུགས་བཅས109གསར་དུ་བཙུགས་ཡོད། ཞིང་ཆེན་ཡོངས་ཀྱི་ས་ཁོངས་རང་བཞིན་གྱི་འཚུབ་བསྟུན་རོགས་སྐྱོར་དཀར་མཛེས་ཁུལ་གྱི་རྟེན་གཞི་བཙུགས་ཤིང་། དར་མདོ་དང་ཉག་ཆུ་རྫོང་དུ་གཞི་རིམ་གྱི་གནོད་འགོག་གནོད་བསྐྱུང་གནོད་སྐྱོབ་ཀྱི་འཚུབ་བསྟུན་མ་ལག་འཛུགས་སྐྱོང་ཚོད་ལྟ་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་ཡོམ་འགོག་གནོད་སེལ་གྱི་ཕྱོགས་བསྡུས་དངོས་འཐབ་གྲབས་སྦྱོང་གི་སྒྲུབ་འགན་ཁུར་ཡོད།

( པར་ངོས་གསུམ་པར་གཟིགས།)