国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྲིད་གཞུང་ལས་དོན་སྙན་སེང་།

( པར་ངོས་གཉིས་པར་མཐུད།)

དོན་རྐྱེན་སྔོན་འགོག་གི་ཕན་འབྲས་མངོན་གསལ་དོད་པོ་ཡིན། ཉེན་མེད་ཐོན་སྐྱེད་སྐོར་གྱི་དཀར་མཛེས་ཁུལ་གྱི་བྱེད་ཐབས་བཙན་པོ6ལག་ལེན་ནན་པོར་བསྟར་བ་དང་། ཉེན་མེད་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་ལོ་གསུམ་གྱི་བྱ་སྤྱོད་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་། ཆུ་ཤུགས་གློག་ཁང་གི་མི་མངོན་པའི་ཉེན་ཁ895དང་རང་བསྐྲུན་སྡོད་ཁང་གི་མི་མངོན་པའི་ཉེན་ཁ2344བསལ་ཡོད། དུད་ཚང480དམ་བླུགས་གཤེར་རླངས་སྤྱོད་པ་ལས་སྦུག་འདྲེན་རང་བྱུང་རླངས་དང་གློག་སྤྱོད་པར་བསྒྱུར་ཡོད། ཞིང་སྡེའི་གཞུང་ལམ་གྱི་ཚེ་སྲོག་ཉེན་མེད་སྲུང་སྐྱོབ་ལས་གཞི་སྤྱི་ལེ148བསྐྲུན་པ་དང་། “རླངས་འཁོར་གཏོང་དུས་གྱི་དོན་ཚན་གསུམ”དར་སྤེལ་བཏང་སྟེ། འགྲིམ་འགྲུལ་དོན་རྐྱེན་འབྱུང་ཚད་དང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་བརྒྱ་ཆ15.2དང་བརྒྱ་ཆ16.5མར་ཆག་ཡོད། 2024ལོའི་སི་ཁྲོན་དང་ཡུན་ནན། བོད་ལྗོངས་བཅས་ཀྱི་མཐའ་འབྲེལ་ས་ཁུལ་གྱི་བཟའ་བཅའ་ཉེན་མེད་ཐོལ་བྱུང་དོན་རྐྱེན་འཚུབ་བསྟུན་གྲབས་སྦྱོང་གཉེར་བ་དང་། བཟའ་བཅའ་དང་སྨན་རྫས་ཉེན་མེད་ཀྱི་དམངས་འདོད་བརྟག་དཔྱད་ཡི་རང་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

ང་ཚོས་རྒྱུད་རིམ་ལྡན་པའི་སྒོ་ནས་སྐྱེ་ཁམས་ལེགས་པོ་བཅོས་སྐྱོང་བྱས་པ་དང་། ལྗང་མདོག་སྲུང་ཡོལ་སྔར་བས་སྲ་བརྟན་དུ་བཏང་ཡོད། སྐྱེ་ཁམས་ཁུལ་བསྐྲུན་པའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཤིང་། རི་དང་ཆུ། ནགས་ཚལ། ས་ཞིང་། མཚེའུ། རྩྭ། བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་རྒྱུད་རིམ་ལྡན་པས་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ནས་བསྐུལ་ཡོད།

སྐྱེ་ཁམས་འཛུགས་སྐྱོང་བྱེད་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད། 《སི་ཁྲོན་ནགས་ཚལ་བང་མཛོད་བཞི་འཛུགས་སྐྲུན་བྱེད་པའི་དཀར་མཛེས་ཁུལ་གྱི་བྱ་སྤྱོད་ཇུས་གཞི》བཏོན་པ་དང་། མདོ་དབུས་མཐོ་སྒང་དང་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་འཕེལ་རྒྱས་སྤུས་ཚད་མཐོན་པོའི་རྣམ་གྲངས32བསྐྲུན་ཏེ་མ་དངུལ་སྒོར་དུང་ཕྱུར3བཏང་ཡོད། ནགས་བཟོ་མུའུ་ཁྲི76.73བཟོས་ཡོད། སྐྱེ་ཁམས་ཡུལ་ལྗོངས་འཁྱམས་ལམ་སྤྱི་ལེ161བསྐྲུན་པ་དང་། རང་ཡུལ་གྱི་འདབ་ཚོན་ཤིང་སྡོང་ཁྲི17.9འདེབས་གསོ་བྱས་ཡོད། ཉག་ཆུ་དང་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་རི་དང་ཆུ། ས་ཞིང་། ནགས་ཚལ། མཚེའུ། རྩྭ། བྱེ་མ་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས16ལག་བསྟར་བྱས་པ་དང་མ་དངུལ་སྒོར་ཁྲི་དུང་ཕྱུར6.14བཏང་ཡོད། བྱེར་འགོག་བྱེར་བཅོས་དང་ཉམས་ཞན་རྩྭ་ཐང་བཅོས་སྐྱོང་། ཨབ་ར་དང་གནོད་འབུ་འགོག་བཅོས། འདམ་རའི་སྔོ་ཁེབས་སླར་གསོ་བཅས་མུའུ་ཁྱོན་བསྡོམས་ཁྲི712.5ས་ནས་རྒྱ་ཁྱོན་ཚང་མ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད། ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1058ཕྱོགས་བསྡུས་བཅོས་སྐྱོང་བྱས་ཡོད། གྲོང་ཡུལ་དང་གྲོང་རྡལ་གྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད16དང་སྲིད་འཛིན་གྲོང་སྡེའི་བཙོག་ཆུ་གཙང་སེལ་སྒྲིག་བཀོད82བསྐྲུན་པ་དང་། གྲོང་སྡེའི་དུད་ཚང24318ཀྱི་གསང་སྤྱོད་ཁང་གསར་དུ་བསྐྱར་སྐྲུན་བྱས་ཡོད།

སྐྱེ་ཁམས་སྲུང་སྐྱོང་གི་བླང་བྱ་སྔར་ལས་ནན་པོར་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་སྔོན་ལ་སྐྱེ་ཁམས་ཁོར་ཡུག་ས་ཁོངས་བགོས་ནས་འགྱུར་ཚུལ་རང་བཞིན་གྱི་དོ་དམ་ཚོད་འཛིན་གསར་དུ་བརྗེས་པའི་ལས་འགན་གྲུབ་ཡོད། གྲོང་སྡེ1923གྱི་ཆུ་བོ་དང་མཚེའུ་དོ་དམ་སྲུང་སྐྱོང“བཅིངས་འགྲོལ་གྲོང་སྡེའི་བྱེད་ཐབས”དང་མཚུརས་པར་བསྐྲུན་ཡོད། ཁུལ་ཡོངས་ཀྱི་རི་སྐྱེས་བདག་མེད་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་ཐོག་མ་དང་རྩྭ་ཐང་ཨབ་རའི་གནོད་འཚེ་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ4བསྐྲུན་ཡོད། གནའ་བོའི་ཤིང་སྡོང400ཤིང་བྱང་བཀལ་ནས་སྲུང་སྐྱོང་བྱས་པ་དང་། གནའ་བོའི་ཤིང་སྡོང་སྤྱི་གླིང2གསར་དུ་བསྐྲུན་ཡོད། སེར་ཤུལ་རྫོང་དང་དར་མདོ་གྲོང་ཁྱེར་གཉིས་ཞིང་ཆེན་རིམ་པའི་ཆུ་གྲོན་ཆུང་ཅན་གྱི་སྤྱི་ཚོགས་སུ་གསར་དུ་བསྐྲུན་ཡོད། 《“ས་སྒུལ་ཕྱིན་ངེས་པར་དུ་འདྲི་རྩད་བྱེད་པའི”ལས་དོན་བྱ་ཐབས》བཏོན་དེ། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་གྱོད་གཞི75ཞིབ་བཤེར་ཐག་གཅོད་བྱས་ཡོད། རིམ་རྩིམ་བྱས་ན་ཀྲུང་དབྱང་དང་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་རེས་སྐོར་དང་པོ་དང་གཉིས་པ། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་གྱི་ཕྱིར་སློག་གནད་དོན547དག་ཐེར་བཅོས་སྐྱོང་བྱས་ཡོད། རེས་སྐོར་གསུམ་པའི་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་དང་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་གྱི་ཡིག་སྐུར་ངོ་བཅར་གནད་དོན74དུས་རིམ་རང་བཞིན་གྱི་སྒོ་ནས་ཐག་གཅོད་བྱས་ཏེ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་རེས་གསུམ་པར་རང་ཁུལ་ལ་དཔེ་མཚོན་དམིགས་བསལ་ཅན་ཐོན་མེད། ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་། འདམ་ར་བཅས་ཀྱི་ཐཱན་སྡུད་ཐོན་ཁུངས་གསར་སྤེལ་དོ་དམ་བྱེད་ཐབས་བཏོན་པ་དང་། སྤྱི་ཚོགས་ཀྱི་མ་རྩ་སྒོར་ཁྲི1300ནང་འདྲེན་བྱས་པ་དང་“ཐཱན་སྙོམས་འགྱུར་གྱི་ནགས་ཚལ”མུའུ3080བསྐྲུན་ཡོད། རྒྱལ་ཁབ་རིམ་པའི་གྲོན་ཆུང་ཅན་གྱི་ལས་ཁུངས་དཔེ་སྟོན་ཚན་པ2གསར་དུ་བསྣན་ཡོད།

ང་ཚོས་བློ་གཅིག་སེམས་གཅིག་དང་བརྩེ་སེམས་ཆེན་པོས་དམངས་འཚོ་ལ་ཕན་པ་བསྐྲུན་ཏེ་མི་དམངས་ཀྱི་འཚོ་བ་སྔར་ལས་སྐྱིད་དུ་བཏང་ཡོད། ཀྲུང་གོ་ལུགས་ཀྱི་དེངས་རབས་ཅན་འཛུགས་པར་དམངས་འཚོ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་པ་དང་། སྤྱི་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། འཚོ་སྐྱོང་དམའ་སྐྱོར་རང་བཞིན་བཅས་ཀྱི་དམངས་འཚོ་བྱ་གཞག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ཏན་ཏིན་བྱས་ཡོད།

གནོད་འཚེ་ཕོག་རྗེས་ཀྱི་བསྐྱར་སྐྲུན་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་ཡོད། དུང་དཀར་ལུང་པའི་ལྗོངས་ཁུལ་གྱི་མི་དམངས་སྨན་ཁང་དང་ལྕགས་ཟམ་རྫོང་གདན་ཐོག་གྲོང་རྡལ་ལྟེ་གནས་སློབ་ཆུང་སོགས་“9•5”ལྕགས་ཟམ་དུ་ས་འགུལ་བྱུང་ནས་གནོད་རྗེས་བསྐྱར་འཛུགས་ལས་གཞི183བསྐྲུན་ནས་མ་དངུལ་སྒོར་དུང་ཕྱུར85.66བཏང་ཡོད། རོགས་སྐྱོབ་ཁ་གསབ་དང་དངུལ་རྩའི་རྒྱབ་སྐྱོར་སོགས་རིགས་ཆེན་པོ7གྱི་སྲིད་ཇུས་དང་བྱེད་ཐབས87ལག་བསྟར་བྱས་ཏེ། རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར8.7ལག་ཐོག་སྤྲད་ཡོད། ཁུལ་བཙུགས་ཚུན་ནས་བཟུང་རྒྱུ་ནོར་ཉེན་སྐྱོབ་ཆེ་ཤོས་སྒོར་ཁྲི5500སྐྱིན་ཚབ་སྤྲད་ཡོད། སྡོད་ཁང་བསྐྱར་སྐྲུན་གྱི་དངུལ་བུན་སྒོར་དུང་ཕྱུར1.58སྤྲད་པ་དང་། སྡོད་ཁང་དུད་ཚང3705བསྐྱར་སྐྲུན་བྱས་པ་དང་མི13288ཁང་པར་སྤོས་ཡོད། གནོད་འཚེ་ཐེབས་ཁུལ་གྱི་མང་ཚོགས་ཁྲི9.9ལྷག་ལ་ལས་ཞུགས་བྱེད་རོགས་བྱས་ཡོད། ས་གཤིས་གནོད་འཚེ་མངོན་མེད་རྐྱེན་ངན་ས་ཚུགས18191ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་། ཉེན་ཁ 34བསལ་ཡོད། ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གནས་ཡུལ51བཅོས་སྐྱོང་བྱས་ཡོད། རྗེས་འདེད་རྩིས་བཤེར་ཐེངས4དང་སྒྲིག་ཁྲིམས་ལྟ་ཞིབ་སྐོར་སྐྱོད་ལྟ་སྐུལ་ཐེངས110སྤེལ་ཡོད།

རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ཁ་གསབ་བྱས་ཡོད། འགྲིམ་འགྲུལ་འཛུགས་སྐྲུན་གཙོ་གནད་རྣམ་གྲངས28ལག་བསྟར་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར100.8བཏང་ཡོད། རྒྱལ་ལམ318པ་སྤུས་སྤར་བསྒྱུར་བཀོད་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་སྤྱི་ལེ160དང་གྲོང་སྡེའི་གཞུང་ལམ་སྤྱི་ལེ257དང་། ལམ་ངོས་ཆེ་འབྲིང་སྤྱི་ལེ221ཉམས་གསོ་བཅས་བྱས་ཡོད། བྱེད་ཐབས་ཁྱད་དུ་འཕགས་པས་ཞིང་ཆེན་གཞུང་ལམ95པའི་བྲག་མགོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྔོན་འགྲོའི་ལས་དོན་ལ་སྐུལ་བ་དང་། ད་ལྟ་དྲྭ་ཐོག་ནས་དངོས་སུ་ཚོང་འགུགས་བྱེད་འགོ་ཚུགས་ཡོད་པ་དང་། སེར་ཤུལ་རྫོང་དང་དཀར་མཛེས་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་ཆོག་པའི་སྙན་སེང་ལ་ཞིབ་དཔྱད་གྲོས་འཆམ་ཐོབ་ཡོད། གསེར་རྟ“ཞིང་སྡེའི་གཞུང་ལམ་ཡག་པོ་བཞི”ཡི་རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་དུ་གྱུར་ཡོད། ལས་གཞི་གལ་ཆེན་གྱི་འགན་སྲུང་ཞབས་ཞུ་ལེགས་པར་གྲུབ་པ་དང་། དམར་ཐིག་གི་ཁོངས་སུ་ཚུད་པའི་ས་ཆ་མུའུ8542རྩིས་སྤྲོད་བྱས་ཤིང་ཁང་པ་སྨི་གྲུ་བཞི་མ་ཁྲི35.6བཤིག་སྤོ་བྱས་ཡོད། ཁྲོན་བོད་ལྕགས་ལམ་གྱི་ལེ་ལག་ཚང་བའི་གཞུང་ལམ་བསྐྲུན་ཡོད། ཞིང་ཆུ་གཏོང་ཡུལ་འབྲིང་གྲས4བསྐྲུན་པ་དང་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི95ལ་ཟིན་ཡོད། ཆུ་བེད་དང་ཆུ་གློག་གནས་སྤོས་ལས་གཞི73བསྐྲུན་པ་དང་མ་དངུལ་སྒོར་དུང་ཕྱུར22.73བཏང་ཡོད། ཆུ་གློག་གནས་སྤོས་ཡུལ་མི358བཀོད་སྒྲིག་བྱས་ཡོད། གྲོང་སྡེའི་ཉེན་མེད་འཐུང་ཆུ་ལས་གཞི963ཉམས་གསོ་དང་བདག་སྐྱོང་བྱས་ནས་མི་ཁྲི38གྱི་འཐུང་ཆུ་གཙང་མ་ཡོང་བར་བྱས་ཡོད། གྲོང་སྡེ126གི་གློག་དྲྭ་སྲ་བརྟན་དང་ཇེ་ལེགས་སུ་བཏང་ཡོད། Gབཞི་སྦྲེལ་ཚུགས718དངGལྔ་སྦྲེལ་ཚུགས1450བསྐྲུན་ཡོད།

ཡུལ་སྡེ་དར་རྒྱས་གྱི་ཕན་འབྲས་ཆེན་པོ་ཐོན་ཡོད། ཡུལ་སྡེ་དར་རྒྱས་ཐོན་ལས་ལས་ཚན་དོ་དམ་བྱེད་ཐབས་བཏོན་པ་དང་། འབྲེལ་མཐུད་རྣམ་གྲངས1157ལག་བསྟར་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར28.78བཏང་ཡོད། བརྒྱད་ཟིལ་རྫོང་གི་ནོར་གནག་ཐོན་ལས་ཐོན་གསུམ་མཉམ་འདྲེས་འཕེལ་རྒྱས་ལས་ཚན་དེ་ཞིང་ཆེན་རིམ་པའི་འབྲེལ་མཐུད་མ་དངུལ་གྱིས་དབུལ་འཕོངས་ས་ཁུལ་གྱི་ཡུལ་སྡེ་དར་རྒྱས་ཡོང་བར་སྐུལ་བའི་ཚོད་ལྟ་བྱེད་སར་གྱུར་ཡོད། ཐུན་མོང་དཔལ་འབྱོར་སྒོར་ཁྲི5ཡན་གྱི་གྲོང་སྡེ1218ཡོད་པ་དང་། དེའི་ནང་སྒོར་ཁྲི་བརྒྱ་ལས་བརྒལ་བའི་གྲོང་སྡེ21ཡོད་པ། དབུལ་འཕོངས་ལས་ཐར་བའི་མི་གྲངས་ཁྲི7.7ལས་གནས་བརྟན་པོའི་ངང་ལས་ཞུགས་ཐུབ་པ་བྱས་ཡོད། རིམ་རྩིས་བྱས་ན་དུད་ཚང3988ཡི་མི17178ལ་འགྱུར་ཚུལ་ལྡན་པའི་སྒོ་ནས་ཉེན་ཁ་མེད་པར་བཟོས་ཡོད། རྒྱལ་ཁབ་དང་ཞིང་ཆེན་གྱི་དམིགས་འཛུགས་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་དང་ཁ་གཏད་རོགས་སྐྱོར། ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་རྣམ་གྲངས466ལག་བསྟར་བྱས་ནས་མ་དངུལ་སྒོར་དུང་ཕྱུར18.5བཏང་ཡོད། འཚོ་སྐྱོང་དམའ་སྐྱོར་རྣམ་གྲངས49ལག་བསྟར་བྱས་ཡོད། ཁུལ་རིམ་པའི་ནོར་ཤུགས་སྒོར་དུང་ཕྱུར2བཏང་ནས་རྗེས་ལུས་རྫོང་ཁོངས་ཀྱི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཡོད། “གསལ་ཐོ་ལྔ”ཡི་དོན་ཚན458བསྒྲུབས་ཡོད། རྫོང་རིམ་པའི་ས་ཁོངས་བརྒལ་བའི་གླིང་ཁུལ2བསྐྲུན་ཏེ་གཅིག་ཀྱང་མེད་པའི་གནས་ལས་ཚད་བརྒལ་བྱུང་ཡོད། “ཡུལ་སྡེ་དར་རྒྱས་ཀྱི་བརྒྱ་གཉིས་འདུ་འགོད”ཡུལ་དངོས་སྐུལ་འདེད་ཚོགས་འདུ་འཚོགས་ཏེ། ཡུལ་སྡེ་དར་རྒྱས་དཔེ་སྟོན་ཁུལ100(རྩེ་གྲ་གྲོང་སྡེ20)དང་གནས་འཕྲོད་ལས་འཚམ་མཐུན་མཛེས་གྲོང་སྡེ56བསྐྲུན་ཡོད། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་སྡེ94དང268ལ་ཟིན་ཏེ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཕྱག་ཕྲེང་གི་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་བེད་སྤྱོད་ལས་དོན་གྱི་ཉམས་མྱོང་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་ཡོད།

གྲོང་རྡལ་གྱི་སྒྲིག་བཀོད་རིམ་པ་སྤར་ནས་གསར་བསྒྱུར་བྱས་ཡོད། ཡུལ་ཤོག་དང་གྲོང་རྡལ་རིམ་པ75དང་གྲོང་སྡེ་རིམ་པའི་སྡེ་ཁུལ66གི་རྒྱལ་ཁབ་ས་ཆ་བར་སྟོང་འཆར་འགོད་བཟོ་འགོད་བྱས་ཡོད། གཙོ་གནད་རྫོང་མཁར་འཛུགས་སྐྲུན་རྣམ་གྲངས40དང་ཞིང་ཆེན་རིམ་པའི་ལྟེ་གནས་གྲོང་རྡལ་སྟོབས་ཆེན་བརྒྱ་ཡི་རྣམ་གྲངས6བསྐྲུན་ནས་མ་དངུལ་སྒོར་དུང་ཕྱུར12.1བཏང་ཡོད། གནས་འཕྲོད་ལས་གཞི་རྣམ་གྲངས15ལག་བསྟར་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར4.6བཏང་ཡོད། སོལ་རླངས་མཁོ་འདོན་སྦུག་ལམ་སྤྱི་ལེ114དང་དྲོད་གཏོང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི317དང་། གསོ་རླུང་མཁོ་འདོན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི34བཅས་ལ་སླེབས་ཡོད། གཞིས་ཁུལ་རྙིང་པ་དུད་ཚང2942དང་གྲོང་སྡེ་ཉེན་ཁ་ཆེ་བའི་ཁང་པ92བསྒྱུར་བཀོད་བྱས་ཡོད། ད་ཡོད་སྡོད་ཁང་གི་གློག་སྐས24གསར་དུ་བསྣན་པ་དང་། གློག་གསོག་ས་ཚུགས820གསར་དུ་བསྣན་ཡོད་པ་རེད།

སྤྱི་པའི་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ཡོད། ཁུལ་ཡོངས་ཀྱི་སློབ་གསོ་དང་འཕྲོད་བསྟེན་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་ཚོགས་ཆེན་འཚོགས་ཏེ། དུས་རབས་གསར་པའི་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་ཤུགས་བསྣན་པའི་“བྱེད་ཐབས་བཅུ་”དང་འཕྲོད་བསྟེན་བདེ་ཐང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི“ལྔ་ཐོག་གཅིག་སྣོན་”བྱེད་ཐབས་དང་། ས་གནས་དེ་གའི་སྨན་པ་དཀའ་བཅུ་བ་གསོ་སྐྱོང་འཆར་གཞི་བཅས་བཏོན་པ་དང་། ལོ་ལྟར་སློབ་གསོ་དང་འཕྲོད་བསྟེན་བྱ་གཞག་གི་ཐེབས་རྩ་མ་མཐའ་ཡང་སྒོར་ཁྲི7500བཞག་ཡོད། རྐང་འཛིན་དགེ་རྒན་དང་སྨན་པ1725གསོ་སྐྱོང་བྱས་པ་དང་། ཆུང་བ་དང་ཐོར་བ། ཞན་པའི་སློབ་གྲྭ10ལེགས་སྒྲིག་ལེགས་འགྱུར་བྱས་ཡོད། མཐོ་རྒྱུགས་ཀྱི་དངོས་གཞིའི་ཚན་ཁག་ཏུ་རྒྱུགས་ཚད་བསྟུད་མར་ལོ་གསུམ་ལ་འཕར་ཡོད། ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་དང་སྒྱུ་རྩལ་དུས་ཆེན་སྐབས་དྲུག་པ་དང་། 2024ལོའི་རི་བོ་གངས་དཀར་དུང་དཀར་ལུང་པའི་འཁྱགས་ཀླུང་འགྲན་སློང་འགྲན་སྡུར་བཅས་སྤེལ་ཡོད། ཁུལ་ཡོངས་ཀྱི་རྫོང་ཁོངས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་བྱས་ཡོད། ཁུལ་ཡོངས་ཀྱི་ནད་བརྟག་སྤྱིན་ཤོག་རྒྱང་བཤེར་ལྟེ་གནས་བསྐྲུན་ནས་ནད་བརྟག་སྤྱིན་ཤོག་ཁྲི10ལྷག་ལྟ་བཤེར་བྱས་པ་རེད། གློ་གཅོང་དང་ཐུམ་འབུ་ནད་སོགས་འགོས་ནད་ཚབས་ཆེན་མི་གྲངས123.52ལ་ཚགས་བཤེར་བརྟག་དཔྱད་བྱས་པ་དང་། མི12848ལ་ཚད་ལྡན་ངང་སྨན་བཅོས་བྱས་ཡོད། འཕྲོད་བསྟེན་བདེ་ཐང་གི་བྱ་སྤྱོད་ཆེན་པོ་ལྔའི་ལས་དོན་ལ་ཞིང་ཆེན་སྲིང་གཞུང་གི་ལྟ་ཞིབ་བརྩོན་སྐུལ་ཐོབ་ཡོད། ཞིང་ཆེན་ཡོངས་སུ་དངོས་མང་བཤམས་སྟོན་ཁང10གསར་དུ་བསྣན་པ་དང་། ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་དེ་རྒྱལ་ཁབ་རིམ་པ་གཉིས་པའི་དངོས་མང་བཤམས་སྟོན་ཁང་དུ་བདམས་པ་དང་། ཕན་རོགས་གནས་ཤུལ་གྱི་རྒྱལ་སྤྱིའི་རིག་གཞུང་གྲོས་ཚོགས་འཚོགས་ཡོད། རོང་བྲག་གི་མཁས་དགོད་ཡུལ་གྱི་གནའ་ཤུལ་རྟོག་ཞིབ་ལ་གསར་རྙེད་གལ་ཆེན་ཐོབ་ཡོད། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་བརྒྱུད་འཛིན་པ72གསར་དུ་བསྣན་ཡོད། 《འདམ་རའི་ལྟ་སྲུང་བ》དྲྭ་རྒྱའི་བལྟ་ཉན་བརྩམས་ཆོས་སོགས་ལ་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ་པ་དང་། རིག་རྩལ་དང་དྲྭ་རྒྱའི་བལྟ་ཉན་བརྩམས་ཆོས། རྒྱང་བསྒྲགས་བརྙན་འཕྲིན་བརྩམས་ཆོས57ལ་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ་པ་རེད།

སྤྱི་ཚོགས་ཀྱི་འགན་སྲུང་བརྟན་པོ་ཡོང་བར་བྱས་ཡོད། རྒུད་གསབ་ལས་སྤྲོད་ཀྱི་ལས་གཞི18ལག་བསྟར་བྱས་པ་དང་མ་དངུལ་སྒོར་ཁྲི8215དོན་འཁྱོལ་བྱས་ཤིང་། མང་ཚོགས་ལས་མི3548ལ་སྐུལ་ཁྲིད་བྱས་པས་ལས་གཞིའི་གྲངས་འབོར་དང་མ་དངུལ་གྱི་གྲངས་འབོར་ཚང་མ་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། འགྱུར་ཚུལ་ལྡན་པའི་སྒོ་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁྲི2.8ལྷག་གསར་སྤེལ་བྱས་པ་དང་རྒྱལ་ཁབ་ལ་དབང་བའི་ངལ་ལས་སྤྱི་གཉེར་ཁང་དང་ཉིན་གླ་ས་ཚུགས21བཙུགས་ཤིང་། ཁྱོད་ཀྱི་དོན་དུ་དཀར་མཛེས་ཁུལ་གྱིས་ཐད་གཏོད་ཐོག་ནས་ལས་གནས་སྤྲོད་ཅེས་པའི་ཐད་གཏོང་ལས་སྤྲོད་ཆེད་ཚན་སྤེལ་ཡོད། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་བྱེད་མི10050གསར་དུ་བསྣན་པ་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་མི་ཁྲི15.13སྤོ་སྒྱུར་ལས་ཞུགས་བྱས། ངལ་རྩོལ་པ3213ལ་གླ་ཕོགས་སྒོར་ཁྲི5383.5བདས་ནས་ཚུར་ལོན་ཐུབ་པ་བྱུང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་འགན་སྲུང་ཚད་གཞི་མི་རེར་ཟླ་རེར་སྒོར788དང580བར་མཐོ་རུ་སྤར་བ་དང་གྲོང་ཁྱེར་དང་། གྲོང་ཡུལ་གྱི་དམིགས་བསལ་དབུལ་ཕོངས་མི་སྣའི་གཞི་རྩའི་འཚོ་བའི་ཚད་གཞི་མི་རེར་ཟླ་རེར་སྒོར1025དང754བར་མཐོ་རུ་སྤར་ཡོད། ནུས་ཤོར་མི་སྣར་གཅེས་སྐྱོང་བྱེད་ཐབས་ཁག8བཟོས་ནས་ཁུལ་ཡོངས་ཀྱི་ནུས་ཤོར་མི་སྣ6057ལ་རྒྱལ་ཁབ་ཀྱི་འཚོ་བའི་འགན་ལེན་སྲིད་ཇུས་ཀྱི་རྨང་གཞིའི་ཐོག་མི་རེར་ཟླ་རེར་འཚོ་བའི་ཁ་གསབ་སྒོར150སྤྲད་པ་དང་དགེ་སྒྲུབ་རོགས་སྐྱོབ་ཐེབས་རྩ་སྒོར་ཁྲི300བཙུགས་ཡོད།“དམངས་འཚོ་འགན་སྲུང”གི་ཉེན་སྐྱོབ་ནང་ཞུགས་མཁན་དུད་ཚང་ཁྲི16.37ཡོད་པ་དང་ཉེན་སྐྱོབ་ནང་ཞུགས་ཚད་བརྒྱ་ཆ72ལ་ཟིན། སྐྱིན་ཚབ་མ་དངུལ་སྒོར་ཁྲི3136.24ལ་ཟིན་ཡོད། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་ཉེན་སྐྱོབ་ཐེབས་རྩས་སྤྲོད་ཆོག་པའི་བོད་སྨན་སྨན་རྫས་རིགས18གསར་དུ་བསྣན་པ་དང་། སྨན་བཅོས་ཉེན་སྐྱོབ་ནད་རིགས་སྐར་ཐང་གྲོན་སྤྲོད་དོ་དམ་རྫོང(གྲོང་ཁྱེར)ཡོངས་སུ་ཁེབས་ཐུབ་པར་བྱས་ཡོད། གཞི་རྩའི་རྒན་གསོ་ཞབས་ཞུའི་དོན་ཚན30དོན་འཁྱོལ་བྱས་པ་དང་རྒན་རྒོན་གྱི་ཟ་མ་རོགས་རམ་བྱ་ཡུལ16བསྐྲུན་ནས་མི13000ལ་ཁེབས་ཡོད། རྒན་རྒོན་གྱི་གཏོང་སྤྲོད་ཞབས་ཞུའི་དཔེ་སྟོན་ཅན་དང་ཚད་ལྡན་ཅན་གྱི་དྲྭ་ཚུགས་རྫོང་ཁོངས་ཡོངས་སུ་ཁྱབ་ཐུབ་པར་བྱས་ཡོད། ཁུལ་ཡོངས་ཀྱི་བུད་མེད་ཁེ་ལས་པའི་མཐུན་ཚོགས་བཙུགས་ཡོད། གཞི་རིམ་གྱི་ལོ་ན་མ་སོན་པའི་སྐྱབས་བཅོལ་སྲུང་སྐྱོང་བྱེད་ས2བསྐྲུན་ཡོད། ཁུལ་ཡོངས་ཀྱི་དགེ་སྒྲུབ་འཕེལ་རྒྱས་ཚོགས་ཆེན་འཚོགས་ནས་དམངས་འཚོ་དབུལ་སྐྱོར་ཐེབས་རྩ་གསར་གཏོད་བཙུགས་ནས་ཞལ་འདེབས་མ་དངུལ་སྒོར་ཁྲི3098དང་ལེན་བྱས་ཡོད། རྒྱལ་གཅེས་དམག་བཀུར་མཉམ་འབྲེལ་ལྷན་ཚོགས་བཙུགས་པ་དང་། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་གསར་དུ་འཛུགས་ པར་ཞིང་ཆེན་རིམ་པའི་རགས་བཤེར་ཐོབ་པ་དང་། ཞིང་ཆེན་རིམ་པའི་གཉིས་བཀུར་དཔེ་བཟང(སྔོན་ཐོན)རྫོང11གསར་དུ་བསྣན་ཡོད།

ང་ཚོས་རྒྱུན་འཁྱོངས་ལྷོད་མེད་ངང་ཏང་ལེགས་སྐྱོང་དམ་དུ་བཟུང་ནས་བཅོས་སྐྱོང་ཕན་ནུས་སྔར་བས་མངོན་གསལ་དོད་དུ་ཕྱིན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་ཡོད། སྲིད་གཞུང་ཁོངས་གཏོགས་ཀྱི་དུས་རབས་གསར་པའི་ཏང་ལེགས་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་པའི་ཕྱོགས་བསྡུས་དཔྱད་དཔོག་ཐེངས་དང་པོ་བྱས་ཡོད། རྣམ་གྲངས337ལ་རྩིས་བཤེར་བྱས་ཏེ། ཡོང་འབབ་འཕར་སྣོན་དང་གཏོང་སྒོ་གྲོན་ཆུང་སྒོར་དུང་ཕྱུར2.06ཡོང་བར་སྐུལ་འདེད་བཏང་། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་ཏན་ཏིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་བ་སྟེ། ཁུལ་རིམ་པའི་ཡིག་ཆ་དང་ཚོགས་འདུ། ལྟ་ཞིབ་བཅས་སོ་སོར་བརྒྱ་ཆ8.2དང་བརྒྱ་ཆ27དང་། བརྒྱ་ཆ50བཅས་ཉུང་དུ་བཏང་བ་དང་། དཔྱད་ཞིབ་དོན་ཚན་བརྒྱ་ཆ30ཉུང་དུ་བཏང་ཞིང་། དོན་གྲོས་མཐུན་སྦྱོར་སྒྲིག་གཞི་བརྒྱ་ཆ84ཁུ་བསྡུ་བྱས་ཡོད།“གཞུང་དོན་གསུམ”གྱི་གྲོན་དངུལ་བརྒྱ་ཆ3ཉུང་དུ་བཏང་ཡོད། སྲིད་གཞུང་གི་ཕྱོད་ནུས་ཁྱོན་ཡོངས་ནས་ཆེ་རུ་ཕྱིན་ཡོད། ཕྱོགས་བསྡུས་ལས་སྒེའུ་སྔོན་བཀོད་རམ་འདེགས་མ་ལག་གསར་གཏོད་འཛུགས་སྐྲུན་བྱས་ནས་བྱུང་མང་བའི་སྲིད་དོན་ཞབས་ཞུའི་དོན་ཚན41གཞི་རིམ་དུ་སྣུར་སྲིང་བྱས་ཤིང་། གླིང་ཁུལ་གྱི་འདུས་གྲུབ་རྣམ་པའི་བསྒྱུར་བཅོས་ཚོད་ལྟ2སྤེལ་ཞིང་།“སི་ཁྲོན་དང་ཁྲུང་ཆིང་གི་ལས་དོན་ཀུན་སྒྲུབ”ཀྱི་དོན་དག535དང་། “ལས་ཆོད་ཆེ་བའི་སྒོ་ནས་བྱ་བ་གཅིག་སྒྲུབ་པའི”དོན་ཚན13དང་། “ངོ་མི་འཕྲད་པའི”འོས་བསྒྲགས་རྣམ་གྲངས819བཅས་བྱས་ནས་ཁེ་ལས་ཀྱི་མ་གནས་སྒོར་ཁྲི2500གྲོན་ཆུང་བྱས་ཡོད། མང་ཚོགས་ཀྱི་ཡིག་སྐུར་ཞུ་གཏུག་ཐོག་མའི་དོན་ཚན1043ལྷག་བདག་སྤྲོད་བྱས་ནས་འདུམ་འགྲིག་བྱེད་ཚད་བརྒྱ་ཆ96ལ་ཟིན། “12345”ཡི་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་ནས་དོན་ཚན་ཁྲི8ལྷག་བདག་སྤྲོད་བྱས་ནས་ཐག་གཅོད་བྱེད་ཚད་བརྒྱ་ཆ100དང་བློ་ཡིད་རང་ཚད་བརྒྱ་ཆ99ལ་ཟིན་ཡོད། “དྲྭ་ཐོག་དང་དྲྭ་ཕྱི”ནས་དམངས་འཚོ་དོན་དག་དངོས་ཀྱི་གྲོས་འགོ་ཐེངས་དང་པོ་བསྡུ་རུབ་བྱས་ཏེ་ཞིང་ཆེན་དང་ཁུལ་གྱི་དམངས་འཚོ་དོན་དག་དངོས་ཀྱི་ལས་འགན་ཚད་ལས་བརྒལ་ནས་ལེགས་གྲུབ་བྱུང་བ་དང་མ་དངུལ་སྒོར་དུང་ཕྱུར41.3བཏང་བ་རེད། ཁྲིམས་ལྟར་སྲིད་འཛིན་དོན་ལ་ཟབ་ནན་འཁྱོལ་ཡོད། ཁུལ་རིམ་པ་པའི་དཔལ་འབྱོར་དོན་དག་གལ་ཆེན་དང་ཁུལ་སྲིད་གཞུང་གི“གལ་ཆེན་གསུམ་དང་འབོར་ཆེན་གཅིག”གི་སྲིད་གཅོད་ལམ་ལུགས་བཟོ་བཅོས་བྱས་ཏེ། ཁུལ་ཨུ་ལ་ཞིབ་འཇུག་ཐག་གཅོད་བྱ་རྒྱུ་དོན་ཆེན84རེ་ཞུས་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ལས་དོན་ཁག22སྙན་སེང་ཞུས་པ། ཁེར་རྐྱང་སྲོལ་ཡིག་ཁག1གྲོས་ཞིབ་བྱ་རྒྱུ་སྤྲད་པ་དང་། ཁུལ་སྲིད་གྲོས་ལ་ལས་དོན་ཁག2བརྡ་ཁྱབ་བཏང་བ། མི་དམངས་འཐུས་ཚོགས་ཀྱི་གྲོས་འགོ་ཁག155དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་ཁག178བཅས་བསྒྲུབས་ཡོད། སྲིད་གཞུང་དང་ཞིབ་དཔྱོད་མཉམ་འགུལ་ལམ་སྲོལ་བཙུགས་པ་དང་། སྲིད་གཞུང་དང་ཁྲིམས་ཁང་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་དོན་འཁྱོལ་བྱས་ཤིང་། ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན5ཁྲིམས་ལྟར་ཐག་གཅོད་བྱས་ཡོད།“ལོ་ལྔའི་ཁྲིམས་ལུགས་ཁྱབ་གདལ་གཏོང་ཐེབས་བརྒྱད་པའི”སྐུལ་འདེད་གཏིང་ཟབ་བཏང་སྟེ། ཞིང་ཆེན་རིམ་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་རྟེན་གཞི11དང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་གྲོང་ཚོ(སྤྱི་ཁུལ)34གསར་དུ་བསྣན་ཡོད། ཁུལ་ཡོངས་ཀྱི་སྤྱི་ཁུལ་སྐྱོན་བསྲང་ཉེན་སྟོན་སློབ་གསོའི་རྟེན་གཞི་དང་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལག་ལེན་རྟེན་གཞི་ཐོག་མ་བསྐྲུན་ཡོད།

( པར་ངོས་བཞི་པར་གཟིགས།)