( པར་ངོས་གསུམ་པར་མཐུད།)
དེ་དང་ཆབས་ཅིག་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན། མི་དམངས་མཁའ་ཟོན་བཅས་ལ་ཤུགས་བརྒྱབ་པ་དང་། དབང་པོ་སྐྱོན་ཅན་དང་རྒྱ་གྲམ་དམར་པོ་སོགས་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ཞིང་། བཟོ་ཚོགས་དང་གཞོན་ནུ། ཡིག་ཚགས་དང་གསང་སྲུང་། ལོ་རྒྱུས། སྤྱི་གསོག་མ་དངུལ། ཆུ་དཔྱད། སྦྲགས་སྲིད། ཕྱི་རྒྱལ་དུ་བཅའ་སྡོད་འབྲེལ་གཏུག་སོགས་ཀྱི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།
འཐུས་མི་རྣམ་པ། འདས་ཟིན་པའི་ལོ་གཅིག་ལ་ཕྱི་མིག་བལྟས་ན། ང་ཚོས་མི་བརྒྱ་སེམས་གཅིག་དང་གནོན་ཤུགས་བཏེག་ནས་མདུན་དུ་བསྐྱོད་ཅིང་། དཀའ་ངལ་བསལ་ཏེ་འབད་འཐབ་བྱས་ཏེ། གཅིག་རྗེས་གཉིས་མཐུད་དེ་འགག་སྒྲོལ་བྱས་པ་དང་འགག་སྒོ་གཅིག་རྗེས་གཉིས་མཐུད་ངང་བཏོད་པ། དཀའ་ཚེགས་འབད་བརྩོན་ཆེན་པོ་བྱས་པར་བརྟེན། རྙེད་པར་དཀའ་བའི་གྲུབ་འབྲས་ཐོབ་ཡོད་པ་རེད། དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་གསར་དུ་དཀར་མཛེས་ཁུལ་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་དང་འགྱུར་ལྡོག་ཚང་མའི་རྩ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་ཐུག་ཡོད་ཅིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འགོ་ཁྲིད་བརྟན་པོ་བྱས་པའི་འབྲས་བུ་ཡིན་ཞིང་། ཁུལ་ཨུས་ཁུལ་ཡོངས་ཀྱི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་མུ་མཐུད་འབད་འཐབ་བྱས་པའི་འབྲས་བུ་ཡིན་ལ། ཁུལ་མི་དམངས་འཐུས་ཚོགས་དང་ཁུལ་སྲིད་གྲོས་ཀྱིས་ལྟ་སྐུལ་ནུས་ལྡན་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ་ཡིན་པ་ང་ཚོར་ཚོར་སྣང་དེ་བས་གཏིང་ཟབ་བྱུང་། འདིར་ངས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཨུ་ཡོན། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་མེད་པའི་མི་སྣ། མི་དམངས་ཚོགས་པ་ཁག་དང་། དཀར་མཛེས་ཁུལ་གྱི་སྐྱེ་ཁམས་དང་དམངས་འཚོ། བརྟན་ལྷིང་། འཕེལ་རྒྱས་བཅས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་བློ་མཐུན་དང་ལས་རིགས་ཁག་གི་མི་སྣ་ཡོངས་དང་། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འདོམས་དམག་དཔོན་དང་དྲག་ཆས་ཉེན་རྟོག་དཔོན་དམག། སྲིད་ཁྲིམས་ཀྱི་ལས་བྱེད་ཉེན་རྟོག་པ། ཕྱོགས་བསྡུས་རོགས་སྐྱོབ་དཔུང་སྡེ། ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱལ་ཁབ་དང་ཞིང་ཆེན་གྱི་དམིགས་འཛུགས་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་དང་ཁ་གཏད་རོགས་སྐྱོར། ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་དང་འཚོ་སྐྱོང་དམའ་སྐྱོར་སྡེ་ཚན་དང་དཀར་མཛེས་ཁུལ་གྱི་བསྒྱུར་བཅོས་འཕེལ་རྒྱས་ཡར་ཐོན་ལ་བྱས་རྗེས་ཕུལ་བའི་བློ་མཐུན་དང་གྲོགས་པོ་ཚང་མར་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གྲུབ་འབྲས་ཕྱོགས་བསྡོམས་བྱེད་པ་དང་མཉམ་དུ་ང་ཚོས་ཀྱང་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་བྱུང་དོན། ས་ཁོངས་འཕེལ་རྒྱས་དོ་སྙོམས་མིན་པ་དང་གང་ལེགས་མིན་པའི་གནད་དོན་སྔར་བཞིན་འབུར་དུ་ཐོན་པ་དང་གྲོང་ཡུལ་གཞིས་མིའི་ཡོང་འབབ་ཀྱི་ཧེ་བག་ཅུང་ཆེ་བ་དང་། ཐོན་ལས་མ་ལག་ལེགས་པོ་མེད་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་མི་འདང་པ། འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་འདེད་གཏོང་བར་ད་དུང་འགག་གནས་མང་པོ་ཡོད་ཅིང་། གཉེར་སྐྱོང་བྱེད་པོའི་གསོན་ཤུགས་མི་འདང་ཞིང་། དཔལ་འབྱོར་འཕར་སྣོན་བརྟན་པོར་ཡོང་བའི་དཀའ་ངལ་ཆེ་རུ་ཕྱིན། སློབ་གསོ་དང་སྨན་བཅོས། རྒན་གསོ་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུ་དང་མང་ཚོགས་ཀྱི་རེ་སྒུག་བར་ད་དུང་ཧེ་བག་ཡོད། ཉེན་མེད་ཐོན་སྐྱེད། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བ་སོགས་སོ།། འཚར་ལོངས་ཁྲོད་ཀྱི་ཞན་ཆ་དང་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་དེ་དག་ལ་དམིགས་ནས་ང་ཚོས་གསར་གཏོད་ཀྱི་བསམ་གཞིགས་དང་བསྒྱུར་བཅོས་ཀྱི་བྱེད་ཐབས་སྤྱད་དེ་སྔར་བས་ནུས་ལྡན་ངང་ཐག་གཅོད་བྱས་ཏེ། ཁུལ་ཡོངས་ཀྱི་མི་དམངས་ཀྱི་རེ་བ་དང་མངགས་བཅོལ་སྟོང་ཟད་དུ་གཏན་ནས་གཏང་རྒྱུ་མིན།
གཉིས། 2025 ལོའི་དམིགས་འབེན་
དང་ལས་འགན་གཙོ་བོ།
ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་ནས། སྔར་བས་བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་ཏེ་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་བརྩམ་དགོས་པའི་གཏན་འབེབས་བྱས་ཏེ། རྒྱང་སྐྱོད་ཀྱི་ལམ་གསར་མདུན་དུ། དཀར་མཛེས་ཁུལ་རྒྱལ་ཁབ་ཀྱི་འཐབ་ཇུས་གོ་སྐབས་གལ་ཆེན་དུ་མ་དང་རང་ངོས་ཀྱི་ཁྱད་ཡོན་མྱུར་པོར་ཐོན་པའི་འདྲེས་སྦྱོར་དུས་སྐབས་སུ་གནས་ཤིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལག་ལེན་ལ་གཏིང་ཤུགས་ཚད་མེད་དང་མདུན་ལམ་ཡངས་པོ་ཡོད་པ་རེད། འཕེལ་རྒྱས་ཀྱི་གོ་སྐབས་ལ་བལྟས་ན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པར་བཀོད་སྒྲིག་བྱས་པའི་བསྒྱུར་བཅོས་བྱེད་ཐབས་གལ་ཆེན་རྣམས་དོན་ལ་ཇེ་མགྱོགས་སུ་འཁྱོལ་བཞིན་ཡོད་པ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་འཐབ་ཇུས་གལ་ཆེན་དང་སྲིད་ཇུས་གལ་ཆེན། ལས་གཞི་གལ་ཆེན་རང་ཁུལ་དུ་འཛོམས་བསྣོལ་བྱུང་ཐོག་ལག་ལེན་བསྟར་བཞིན་ཡོད། དེའི་ཁར་རྒྱལ་ཁབ་ཀྱི་ངོས་ནས་དམིགས་གཏད་རང་བཞིན་ཆེ་བ་དང་ཕན་འབྲས་ཆེ་བའི་ནོར་སྲིད་དང་དངུལ་ལོར་གྱི་འབོར་འཕར་སྲིད་ཇུས་མང་པོ་གཅིག་རྗེས་གཉིས་མཐུད་དེ་བཏོན་པ་དང་། ལྷག་པར་དུ་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་ངེས་པར་འབྲེལ་བ་གལ་ཆེན་ལྔ་ལ་གཅིག་གྱུར་འཆར་འགོད་བྱ་དགོས་ གསལ་པོར་བཏོན་པ་དང་། ཞིང་ཆེན་དཔལ་འབྱོར་ལས་དོན་གྲོས་ཚོགས་སུ་བརྒྱུད་རིམ་ལྡན་པའི་སྒོ་ནས་ལས་འགན་གལ་ཆེན་དྲུག་བཀོད་སྒྲིག་བྱས་ཡོད་པས། རང་ཁུལ་དེང་རབས་ཅན་འཛུགས་སྐྲུན་ལ་སྒུལ་ཤུགས་གསར་པ་དང་བར་ཁོངས་གསར་པ་རྒྱ་སྐྱེད་གཏང་ངེས་རེད། ( མུ་འགོད།)
