国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






༢༠༢༥ལོའི་ལོ་ཐོ་གཅེས་བཏུས།

༈རྒྱ་ནག་གླང་རྩིས།༄༅།།ན་མོ་ནཱ་ཐ་མཉྫུ་བཛྲཱ་ཡ།།རྣམ་དཔྱོད་བློ་གྲོས་ན་ཕྲ་ཡང་།།ལྷག་བསམ་ཟླ་བའི་བཞིན་བསྟན་ནས།།རང་མཉམ་རྩིས་ཕྲན་གླུར་བླངས་ཚེ།།མང་ཐོས་རྒན་པོ་རྣམས་ཀྱང་འཛུམ།། དུས་བཞིའི་ཐོག་མ་དཔྱིད་ཀྱི་དབུགས།། རྒྱ་ཟླ་དང་པོ་བོད་ཟླ་ནི།། བཅུ་གཉིས་པ་ཡི་ཚེས་བདུན་ལ།།ཟུག་འབྲས་དགེ་ཞན་བསྟན་པ་ནི།།༈སྤྱིར་ན་གླང་མདོག་དམར་བ་ཡིས།།འབྲུ་བོངས་ཆུང་ཞིང་བཙའ་ཐན་དང་།།ཚ་ནད་ཐོག་སེར་རྒོད་པའི་ངོ་།།༈ཁ་མཚུལ་ཕོ་བ་དམར་བ་ཡིས།།བཟང་སྟོབས་ཆེ་བའི་ངོ་ཡིན་ཟེར།།༈བྱེ་བྲག་རྭ་རྣ་མཇུག་གསུམ་དང་།། གླང་གི་མགོ་ལྗང་དཔྱིད་དུས་དང་།།ར་བ་བཞི་ལ་རླུང་བུ་ལྡང་།།རྩི་ཤིང་སྐྱེ་བོངས་ཆེ་བར་བཤད།།༈སུག་བཞི་སེར་བས་རོང་ཆེན་དང་།།ལུང་པའི་དམའ་ཞིང་རྣམས་ལ་བཟང་།།༈གླང་གི་ཁ་བཙུམ་་མཇུག་གཡས་གཡོབ།།ཕྱུག་རྩུབ་བཞོན་ཕྲུག་ཉེས་པ་དང་།།མི་ལ་བཟང་བའི་མཚན་མ་ཡིན།།༈གླང་རྫི་བྱིས་པས་བྱིས་པ་བདེ།།རྒན་རྩུབ་དར་མ་ཤིན་ཏུ་དོགས།། ༈རྫི་བོའི་ མདོག་སེར་གོས་ལྗང་གྱོན།། སྐེ་རགས་དཀར་པོ་བཅིངས་པ་ཡིས།། ཅུང་ཟད་དོགས་པའི་ཕྱོགས་སུ་བཤད།།༈གླང་རྫིའི་ལྷམ་ནི་མི་གྱོན་པས།།སྐྱེ་འགྲོའི་བདེ་སྐྱིད་དལ་བས་བཟང་།།༈ལྟག་སྐྲ་གཡས་པ་རྣ་བའི་མདུན།།གཡོན་པ་རྣ་བའི་རྒྱབ་ཏུ་འཕྱང་།།༈ ལྕག་ཚན་དར་སྐུད་ས་ལ་འདྲུད།།རྒྱལ་ཁམས་ཡུལ་སྡེའི་དགེ་ཞན་འབྲིང་།།༈གླང་རྫི་གླང་རྗེས་དལ་བུར་འགྲོ།། ཕྱུགས་ལ་ཅུང་རྩུབ་སོས་འཕར་ཕྱི།།ཡུལ་ཁམས་བདེ་བའི་མཚན་མ་མངོན།།༈ས་ལ་ཁྱུ་མཆོག་རྒྱ་མཚོ༼ ༤ ༽ ཡིས།། ས་བཅུད་སོས་འཕར་ཅུང་ཟད་ཞན།།ནམ་མཇུག་ཐུང་ལ་འབྱོར་པ་འབྲི།།༈མཁའ་ལ་གཡུ་འབྲུག་རིན་ཆེན ༼ ༧ ༽ གྱིས།།ཆར་ཆུ་སྙོམས་པའི་ལོ་ཡིན་ཟེར།།༈ཚེས་གཅིག་ས་ཕོ་ཁྱི་ཡི་ཉིས།།ནས་རིགས་ཕྲན་བུ་འབྱུང་བར་བཤད།།༈ཁུར་པོ་གཏེར༩དང་མི་གྲངས་མདའ༥།།འབྲུ་ཡི་སྙིང་པོ་རིག་བྱེད༤དང་།།༈ཐོའུ་ཚུགས་ནས་སྟོན་དབུགས་བར།།མཁའ་མེའི་ཞག་ལ་དྲག་པོ༡༡ཆད།། ལོ་ཏོག་སྨིན་དཔྱད་འབྲིང་པོར་གཏོགས།།

སྨྲས་པ། ཨེ་མ་མཁས་པའི་ཞལ་གྱི་ལུང་།།གླང་རྩིས་འབྲས་བཤད་ཨུཏྤལ་ཕྲེང་།།བློ་གསལ་གཞོན་ནུའི་མགུལ་རྒྱན་དུ།།བཀོད་པའི་གྲགས་དཀར་མི་ཉམས་ཤོག །

བཅས་ལ་འདེབས་ཆུ་གཏོང་བ་དང་། ཆུ་འགོ་འཇུག་པ་སོགས་བཟང་། ཚེས༡༧ལ་ལྷོ་བྱང་ཟོར་ཐོང་འཛོམས་པས་གཉའ་སྤྲོའི་དུས་གནད་ཁྱད་པར་བ་འཁེལ་བས་དེ་ཉིན་གྱི་ནམ་ལངས་ཕྱི་ཆ་དང་ཉི་ཤར། ཉི་དྲོས་ཕྱི་ཆ་བཅས་ལ་རྨོད་གཉའ་བཅག་ན་བཟང་། བོད་ཟླ་གཉིས་པའི་ཚེས༡༢ནས་པིང་ཀྱུར་སླེབ་ཅིང་ཤིང་རྩི་ཁ་འབུས་པ་དང་།ཚེས༡༤ནས་དབུས་སུ་སྔ་འདེབས་སྔ་མ་རན།དེ་ཡང་ཞིང་འདེབས་དངོས་གཞི་ནི་ཚེས༡༢ཉིན་གྱི་ཉི་ཤར་དང་།། ཉི་དྲོས་སྔ་ཆ། ཉི་ཕྱེད་སྔ་ཆ་བཅས་ལ་བཟང་།ཡང་སྔ་ནུར་དུ་ཐུང་གཤོལ་དང་སོ་ནམ་འཁོར་ལོའི་དགེ་འབྲས་དང་བསྟུན་པའི་གཉའ་སྤྲོ་བྱ་ཚེས་ནི་བོད་ཟླ་དང་པོའི་ཚེས༡༢ཉི་ཤར་དང་ཉི་དྲོས་སྔ་ཆ།ཚེས༡༣ནམ་ལངས་དང་། ཉི་ཤར་ཕྱི་ཆ་བཅས་ལ་བཟང་།ཚེས༢༡ནས་བྱ་པུ་ཤུད་སླེབ་པ་དང་།འཕྱི་བ་མལ་ནས་ལངས། ཚེས༢༢ནས་སྔ་འདེབས་ཕྱི་མ་ཟིན་པས་དེ་ཉིན་གྱི་ནམ་ལངས་དང་། ཉི་ཤར་སྔ་ཆ།ཉི་དྲོས་སྔ་ཆ་བཅས་ལ་དགེ་ཞིང་ཐུང་མཁན་དང་སོ་ནམ་ལོ་བཟང་གོང་གསལ་གང་རུང་གིས་གཙོས་རྒྱན་གོས་གཟབ་མཆོར་གང་ལེགས་སྤྲད་ཐོགས་ཕྱེ་མར་ཆང་ཕུད་ཀྱིས་བཀྲ་ཤིས་ཞལ་གྲོའི་དགེ་མཚན་སྔོན་དུ་འགྲོ་བའི་ཕྱོགས་གཙང་ངོས་སུ་ཞལ་གཟིགས་ཏེ་ཡུལ་སྲོལ་གོམས་གཤིས་ལྟར་སོ་ནམ་སྐར་འཛིན་བྱེད་པ་ནི་ལོ་འབྲས་ལེགས་པའི་རྟགས་རྟེན་གྱི་སྒོ་དབྱེ་བ་ཡིན་ནོ།། བོད་ཟླ་དང་པོའི་ཚེས༢༩ནས་དབུས་སུ་ཁམ་བུའི་མེ་ཏོག་ཤར་བ་དང་།བོད་ཟླ་གཉིས་པའི་ཚེས༤སྐོར་ནས་བྱ་པུ་ཤུད་སྐད་འདོན་དུས་ས་དྲོད་འབྲིང་ཙམ་སླེབ་པས་བར་འདེབས་སྔ་མ་ཟིན། སྤྱིའི་འདེབས་ཚེས་ནི་ཚེས༧གྱི་ནམ་ལངས་དང་། ཉི་ཤར་སྔ་ཆ། ཉི་དྲོས་སྔ་ཆ། ཚེས༡༢ནམ་ལངས་བཅས་ལ་བཟང་།ཚེས༡༣ལ་བྱ་སྐྱར་མོ་འབྱོར། ལུག་རྫི་མོ་སླེབ། ཡར་ཀླུངས་ཁུལ་དུ་བར་འདེབས་ཟིན་པས། དེའི་ཉིན་གྱི་ནམ་ལངས་སྔ་ཆ་དང་། ཉི་ཤར་ཕྱི་ཆ། ཉི་དྲོས་བཅས་ལ་བཟང་། ཚེས༡༦ནས་དབུས་སུ་བར་འདེབས་ཕྱི་མ་རན་པས་དེའི་ཉིན་གྱི་ནམ་ལངས་ཕྱི་ཆ་དང་། ཉི་ཤར། ཉི་དྲོས་ཕྱི་ཆ་བཅས་ལ་འདེབས་ལས་བྱེད་པར་བཟང་། ཚེས༢༧ནས་བྱ་ཁུག་རྟ་སླེབ་དུས་ས་དྲོད་ཡོངས་སུ་སླེབ་པས་དབུས་སུ་ཕྱི་འདེབས་ཟིན། ཚེས༢༩ནས་སྨིན་དྲུག་ནུབ་རིར་བརྒལ་བ་དང་གཞིས་རྩེར་སྔ་འདེབས་རན་པས་ནམ་ལངས་ཕྱི་ཆ་དང་། ཉི་དྲོས། ཉི་ཕྱེད་སྔ་ཆ་བཅས་ལ་བཟང་། བོད་ཟླ་གསུམ་པའི་ཚེས༩སྐོར་ནས་བྱ་རྒྱལ་ཁུ་བྱུག་སླེབ་པས་དེའི་གོང་དུ་དབུས་དང་ལྷོ་རྒྱུད་སོགས་ཀྱི་ས་ཞིང་མང་ཆེ་བ་འདེབས་ཚར་བ་བྱ་དགོས། བོད་ཟླ་བཞི་པའི་ཚེས༢༦ནས་ལོག་ཞག༢༡འདྲེན་པས་དེའི་གོང་དུ་དབུས་གཙང་ཁུལ་གྱི་ཕུ་ཞིང་དང་རི་ཞིང་སོགས་འདེབས་ཚར་བ་བྱ་དགོས། བོད་ཟླ་ལྔ་པའི་ཚེས༡༦ནས་ཆར་དུས་ཆེ་བ་ཟིན་པས་སྔ་ས་ནས་ཆུ་ལོག་སྔོན་འགོག་དང་ལོ་འབྲས་ལ་ཆུ་གནོད་མི་འབྱུང་བའི་ཡུལ་ཐབས་ཅི་རིགས་ལ་འབད་པ་གལ་ཆེ། བོད་ཟླ་དྲུག་པའི་ཚེས༡༥ནས་ཝ་ཞག༡༥ཟིན་རིང་ས་བབ་མཐོ་སའི་ཤུར་ཞིང་ཁག་ལ་སད་སེར་གྱི་ཉེན་ཆེ། སྐབས་དེར་ལོ་འབྲས་སྨིན་པའི་སྒང་ཡིན་སྟབས་སྔ་ས་ནས་སད་སེར་སྔོན་འགོག་གི་བྱ་ཐབས་ལ་འབད་དགོས། བོད་ཟླ་བརྒྱད་པའི་ཚེས༡༠སྐོར་ནས་དབུས་དང་ལྷོ་རྒྱུད་ཀྱི་དགུན་གྲོ་འདེབས་འགོ་ཟིན་པས་དམ་འཛིན་ལྷོད་མེད་བྱ་དགོས། གོང་གསལ་འདེབས་ཚོད་དེ་དག་ནི་དབུས་ཕྱོགས་ལྷ་སའི་ཉེ་འདབས་དང་། འཕན་པོ། ལྷོ་ཁ་གོང་དཀར། ཡར་ཀླུངས། འཕྱོངས་རྒྱས་སོགས་སྤྱིར་བཏང་གི་གཤོངས་ཞིང་དང་སོན་འབྲུ་ལྕི་ཡང་སྙོམས་པའི་ས་ཁུལ་ལ་བཤད་པ་ཞིག་ཡིན་ཞིང་། དེ་མིན་སོ་ནམ་འདེབས་ཚོད་ནི་ས་ཁུལ་སོ་སོའི་ཡུལ་བབ་དང་། ས་ཆུ་བཟང་ངན། སོན་འབྲུ་ལྕི་ཡང་། གནམ་གཤིས་དྲོ་གྲང་བཅས་ལ་གཞིགས་ནས་ས་ཁུལ་དེ་གའི་རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་ལག་ལེན་དངོས་ཀྱི་ཉམས་མྱོང་དང་། སོ་ནམ་པ་རྒན་རབས་མྱོང་བ་ཅན་གྱི་ངག་རྒྱུན། སྔར་གྱི་ཉི་རྟགས། ཤིང་རྟགས། བྱ་རྟགས། སྐར་མའི་རྟགས་བཅས་ལ་བརྟེན་ནས་སྔ་ཕྱིའི་འདེབས་ཚོད་རན་པར་ཤེས་དགོས། དཔེར་ན་ཀོང་རོང་སོགས་ས་དྲོད་ཅུང་སླེབ་སྔ་བའི་ས་ཁུལ་དུ་བོད་ཟླ་དང་པོའི་ཚེས༩སྐོར་ནས་ཁམ་བུའི་མེ་ཏོག་ཤར་བ་དང་། ལྕང་རྒན་གྱི་ལོ་མ་ཕྲན་བུ་གཏོང་དུས་ཞིང་འདེབས་འགོ་ཚུགས། བོད་ཟླ་གཉིས་པའི་ཚེས༢སྐོར་ནས་སྙེ་མོའི་ཉི་ཐིག་ཟིན་པས་སྔ་འདེབས་ཀྱི་འགོ་ཚུགས། གཞིས་རྩེ་སོགས་དྲོད་ཅུང་སླེབ་འཕྱི་བའི་ས་ཁུལ་དུ་བོད་ཟླ་གཉིས་པའི་ཚེས༢༩སྐོར་ནས་ཞིང་འདེབས་ཀྱི་དུས་འགོ་ཟིན་པ་སོགས་ས་ཁུལ་གཞན་ལའང་དེ་དང་འདྲ་བའི་ཚོད་དཔག་ངེས་ཅན་རེ་ཡོད་པས་དེ་ལུགས་འདེབས་ལས་ཀྱི་དུས་ཚོད་སྔ་ཐལ་ཕྱི་བཤོལ་མེད་པར་དུས་ཐོག་ལ་བྱ་དགོས་པ་བཅས་སོ།། སྨྲས་པ། ལི་ཐོར་བཤད་པའི་རྩིས་འབྲས་ཚད་མར་བཟུང་།། ལུ་གུ་རྒྱུད་ཀྱི་སོ་ནམ་བྱ་བ་ལ།། ལེ་ལོ་མེད་པའི་འབད་པའི་ཤུགས་ཕྱུང་ན།། ལོ་ལེགས་ལག་ཏུ་ལོན་པར་ཐེ་ཚོམ་ཅི།། ༈རྟ་བོང་སྒ་རྒྱག་དང་ཅོ་འབྲེག་པ་ནི། བོད་ཟླ་དང་པོའི་ཚེས༢ནམ་ལངས་ཕྱི་ཆ་དང་ཉི་དྲོས། ཚེས༤ནམ་ལངས་སྔ་ཆ་དང་ཉི་ཤར་སྔ་ཆ། ཉི་དྲོས་ཕྱི་ཆ། ཚེས༨ནམ་ལངས། ཉི་ཤར་སྔ་ཆ་དང་། ཉི་དྲོས་སྔ་ཆ་བཅས་ལ་བཟང་ངོ་།།

སྒྲ་གཅན་གདོང་དང་གདོང་སྐར་སྤྲད།། མཇུག་མའི་སྐར་མ་མཇུག་དང་བསྟུན།། ཉི་སྐར་དུས་ཚོད་ནམ་དགོས་སྟེང་།། བཞག་པས་མདེའུ་རྩེ་གར་བལྟས་ཐེབས།། ཟིན་ཕུང་རྒྱུ་ཚུལ་བལྟས་ཆོག་གི། ཤོག་ཁྲ་ཁོ་ན་ལྟར་ཡིན་ལ།། མར་གྱི་བཞི་གཤེད་དུས་དེར་ལྡོག། ཟླ་བཤད་ཚེས་ཁོངས་སྐབས་སུའང་གསལ།། བཟང་ལས་བྱ་བ་ཀུན་ལ་འཛེམ།། ངན་ཐབས་ལས་ལ་འདི་དང་བསྟུན།། གདོང་ཐུག་མི་བྱ་ངེས་པར་ཐེབས།། སྒྲིབ་ན་བག་ཕྱེའི་ར་མགོ་ལ།། མེ་ལོང་གླིང་དགུ་བྲིས་པ་བཏགས།། ཕྱོགས་དེར་འཕྱར་བས་ཉེས་པ་ཐུབ།། ༼ བོད་ལྗོངས་སྨན་རྩིས་ཁང་གི་ལོ་ཐོ་ནས་དྲངས། ༽

༄༅།། བྱ་ཞག་གནམ་དཔྱད། བོད་ཟླ་བཅུ་གཉིས་པའི་ཚེས༡༥ནས་ཚེས༢༥ཕྱི་མ་བར་བྱ་བུ་ཞག་བཅུ་གཉིས་ཟིན་རིང་གནམ་གཤིས་དྲོ་ན་སོས་འཕར་སྔ། ཚེས༢༦ནས་བོད་ཟླ་དང་པོའི་ཚེས༨བར་ཁྲུམས་ཞག་བཅུ་གཉིས་ཟིན་པས་དེའི་རིང་ཁ་བ་དང་བཅས་གྲང་ན་ཡུར་མའི་བར་གྲང་ཟེར་བ་དཔྱིད་གྲང་ཡུན་རིང་བས་རྒྱུན་དུ་སད་ཉེན་ཆེ་བའི་ས་ཁུལ་གྱི་ལྗང་པར་སྲུང་སྐྱོབ་བྱ་དགོས། ཚེས༩ནས་ཚེས༢༣བར་ཤོལ་པོ་ཟླ་ཕྱེད་རིང་ཁ་བ་ཡང་ཡང་བབས་ནས་གྲང་མོ་བྱུང་ན་དབྱར་དུས་ཞིང་འབྲོག་ས་ཁུལ་དུ་ཚ་བ་དང་ཆར་ཆུ་ཆུང་། ཚེས༢༤ནས་བོད་ཟླ་གཉིས་པའི་ཚེས༢བར་སྐྱུང་ཞག་དགུའི་ནང་ཁ་ཆར་བབས་ན་ཉིན་དེ་ནས་བརྩིས་པའི་ཞག་གྲངས༦༠ནས༧༠མཚམས་སུ་སོས་ཐན་ཡོད་པ་དང་། ཚེས༣ནས་ཚེས༡༠བར་ཤེ་མོ་ཞག་བདུན་ནང་གངས་ཆར་བྱུང་ན་ལོ་བཤད་དང་ཟླ་བཤད་ནང་བཀོད་པའི་ཆར་རྩིས་ལ་མ་བལྟོས་པར་ཞག་གྲངས༨༠ནས༩༠མཚམས་སུ་དགུང་ཐན་འོང་བའི་ཉེན་ཆེ།

༈ས་ཞིང་འདེབས་བཀོལ་གྱི་དུས་ཚིགས། གསར་ཚེས་ཤིང་འབྲུག་གནམ་ལོའི་སོ་ནམ་འཁོར་ལོ་དང་། རྟ་བོང་འདུལ་བཅོས་སྒ་རྒྱག་གི་ཚེས་ཆ་བཅས་དགེ། ཀ་ནས་དག་པའི་རིག་གདངས་རིགས་གསུམ་མགོན།།ཁ་བ་ཅན་འདིར་ཆོས་རྒྱལ་མེས་དབོན་ཚུལ།། ག་ནས་བརྟག་ཀྱང་འཕགས་ཆེན་སྒྱུ་འཕྲུལ་ཏེ།།ང་ཅག་བདེ་སྐྱིད་བསྐྲུན་པའི་མེས་པོ་ཉིད།། ཕུན་ཚོགས་འབྱོར་པ་གང་འདོད་འབྱུང་བའི་གཞི།།སོ་ནམ་འདུ་བྱེད་ཐབས་མཁས་རིན་ཆེན་འདི།།ལས་བཟང་བརྩོན་པའི་རྒྱལ་མཚན་རྩེར་འཁོད་ན།།དེ་ལས་གཞན་དུ་བསམ་འཕེལ་ནོར་བུ་གང་།།དེས་ན་སོ་ནམ་བྱ་བའི་ཚུལ།། ཚུལ་བཞིན་རྩིས་པའི་འབྲས་བཤད་ལུང་།།ལུང་ཚན་ཡུལ་དུས་སོན་ཁྱད་དག། དག་གསལ་མ་འདྲེས་བཀོད་འདིར་གཟིགས།།དེ་ཡང་སྣ་ཚོགས་དབྱིག་གི་ལོར།།སྐྱེ་བོ་ཐམས་ཅད་བདེ་ཞིང་སྐྱིད།། འོན་ཀྱང་རས་དང་བལ་རས་དང་།། སྲིན་དང་འབྲུ་ཟན་དཀོན་པར་བཤད།། སྤྱི་ལ་སོན་ནམ་སྔ་འདེབས་བཟང་།། བར་འདེབས་འབྲིང་ལ་ཕྱི་འདེབས་ཞན།། བོད་ཟླ་དང་པོའི་ཚེས༡༤སྐོར་ནས་སྔ་འདེབས་དང་།བོད་ཟླ་གཉིས་པའི་ཚེས༤སྐོར་ནས་བར་འདེབས། ཚེས༢༧སྐོར་ནས་ཕྱི་འདེབས་ཟིན་པ་བཅས་གཤོངས་ཞིང་ས་བོན་ལྕི་ཡང་སྙོམས་པའི་དབང་དུ་བཤད་པ་ཞིག་ཡིན་པས་དེ་ལུགས་ཡུལ་སོ་སོའི་ཕུ་མདའི་ས་བབ་དང་བསྟུན་ཏེ་ཞིང་འབྲོག་རྒན་རབས་མྱོང་བ་ཅན་རྣམས་ཀྱི་ངག་རྒྱུན་དང་། སྔར་གྱི་ཉི་ཐིག། སྐར་ཚོད་སོགས་ལས་སྔ་ཕྱིའི་འདེབས་ཚོད་རན་པ་ཤེས་པར་བྱ་རྒྱུ་གལ་ཤིན་ཏུ་ཆེའོ།། སྤྱིར་ན་དགུང་འདིར་ལོ་བཟང་ཕོ་མོ་ཁྱད་མེད་ཆུ་ལུག་རང་ལོ༢༣དང་།བུ་ཆུ་རྟ་རང་ལོ༢༤། མེ་གླང་རང་ལོ༢༩སྟེང་སོན་པ་བཅས་ཕ་མ་གཉིས་འཛོམས་ཤིང་དབང་པོར་སྐྱོན་མེད་པ། མིང་པྲ་ལེགས་པ་ཞིག་གིས་ས་བོན་འདེབས་པ་དང་། སྐྱེ་ཤིང་འཛུགས་པ།མཁར་ལས་སྣེ་འཛིན་སོགས་ལོ་གང་གི་བྱ་བ་ཆེ་ཕྲའི་ལས་སྣེ་གཏོད་པའི་གནམ་ལོའི་ཕྱོགས་གཙང་བྱང་སྨད་ལ་གཟིགས་པར་འཚལ། དེ་ཡང་བོད་ཟླ་དང་པོའི་ཚེས་ལ་ཆད་ལྷག་མེད། བོད་ཟླ་གཉིས་པའི་ཚེས༥དང༢༨ཆད། ཚེས༡༨ལྷག བོད་ཟླ་གསུམ་པའི་ཚེས་ལ་ཆད་ལྷག་མེད། བོད་བཅུ་གཉིས་པའི་ཚེས༢༩ནས་བོད་ཟླ་དང་པོའི་ཚེས༢༩བར་བུམ་སྟོང་ནུབ། བོད་ཟླ་དང་པོའི་ཚེས༣༠ནས་བོད་ཟླ་གཉིས་པའི་ཚེས༣༠བར་བུམ་སྟོང་བྱང་དུ་གནས་པས་ཕྱོགས་དེར་འཛེམ་པར་བྱ། ༈ཐོག་མར་བོད་བཅུ་གཉིས་པའི་ཚེས༢༤ཉི་དྲོས་སྔ་ཆ་དང་། ཚེས༢༦ཉི་ཤར་སྔ་ཆ། ཉི་དྲོས་ཕྱི་ཆ། ཚེས༢༨ཉི་ཤར་ཕྱི་ཆ་བཅས་ལ་གོང་གསལ་ལོ་བཟང་སོགས་ནས་སྔར་སྲོལ་རྟེན་འབྲེལ་གང་ལེགས་ཀྱིས་གནམ་ལོའི་ཕྱོགས་གཙང་ངོས་སུ་ཞལ་གཟིགས་ཏེ་ས་ལུད་ཁ་དབྱེ་བ་དང་། འདེབས་ཆུ་གཏོང་བ། རྫིང་ཡུར་འདྲུ་བ། ཆུ་འགོ་འཇུག་པ་སོགས་བྱ། བོད་ཟླ་དང་པོའི་ཚེས༡༠ནས་དབུས་སྟོད་སྟག་ཕུའི་ཆུ་འདྲེན་ཉི་ཐིག་ཟིན་པས་དབུས་དང་ལྷོ་རྒྱུད་ཀྱི་ས་ཞིང་ཁག་ལ་འདེབས་ཆུ་གཏོང་རན། དེ་ཡང་ཚེས༡༠ཉིན་གྱི་ནམ་ལངས་ཕྱི་ཆ་དང་། ཉི་ཤར། ཉི་དྲོས་ཕྱི་ཆ་