སྤྱི་ཟླ2པའི་ཚེས24ཉིན། ཁུལ་མི་དམངས་སྲིད་གཞུང་གི་སྐབས་བཅུ་གསུམ་པའི་སྲིད་གཙང་ལས་དོན་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་ཚོགས་འདུ་ཐེངས་བཞི་པ་འཚོགས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་སྲིད་གཞུང་གི་སྲིད་གཙང་ལས་དོན་ཚོགས་འདུ་ཐེངས་གསུམ་པ་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་སྲིད་གཙང་ལས་དོན་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་།
ཧྥུང་ཧྥ་ཀུའེ་ཡིས་འདས་ཟིན་པའི་ལོ་གཅིག་ནང་ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་སྲིད་གཞུང་གི་སྲིད་གཙང་ལས་དོན་དང་།དེ་བཞིན་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ཚོགས་འདུའི་སྙིང་དོན་དོན་འཁྱོལ་ནན་ཏན་བྱས་ནས་ཁྲིམས་སྐྱོང་དང་།ཆོད་ཆེ།སྤྱོད་གཙང་བཅས་ཀྱི་སྲིད་གཞུང་འཛུགས་སྐྱོང་བྱེད་པར་སྐུལ་འདེད་བཏང་ནས་གྲུབ་འབྲས་གསར་པ་ཐོབ་ཡོད། ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ཏང་གི་རང་ཉིད་གསར་བརྗེ་སྐོར་གྱི་བསམ་བློ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཏེ། ཁུལ་ཨུའི“སྤྱོད་ཚུལ་སྒྱུར། བྱས་རྗེས་འཇོག། སྒྲིག་ལམ་སྲུང”བའི་ལས་ཀའི་བླང་བྱར་དམ་པོར་དམིགས་ནས། སྒྲིག་ལམ་ནན་པོ་དང་ཁྲིམས་སྐྱོང་ནན་པོ། སྤྱོད་ཚུལ་ནན་པོ་བཅས་གཙོ་གནད་དམ་འཛིན་བྱས་ཏེ་ཁྲིམས་སྐྱོང་དང་ཆོད་ཆེ།སྤྱོད་གཙང་གི་སྲིད་གཞུང་འཛུགས་སྐྱོང་ལ་གྲུབ་འབྲས་གསར་པ་ཐོབ་པར་བརྟེན་ཁུལ་ཡོངས་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོའི་རྣམ་པ་གསར་པ་གཏོད་དགོས་ཞེས་བཏོན་པ་རེད།
ཧྥུང་ཧྥ་ཀུའེ་ཡིས་ནན་གསུང་གནང་དོན།གཅིག་ནས་སྒྲིག་ལམ་ནན་པོར་འཛིན་ནས་སྒྲིག་སྲོལ་དང་སྒྲིག་ཁྲིམས་བརྩི་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གོམ་པ་གཅིག་ཀྱང་མཚམས་མི་འཇོག་པ་དང་། གཉིས་ནས་ཁྲིམས་སྐྱོང་ནན་པོར་འཛིན་ནས་ཁྲིམས་ལྟར་སྲིད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ།ཟང་ཟིང་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས་གོམ་པ་ཕྱེད་ཙམ་ཡང་མི་གཡོལ་བ་བྱ་དགོས། གསུམ་ནས་སྤྱོད་ཚུལ་ནན་པོར་འཛིན་ཏེ་ལས་བཀུར་ཆེད་ལས་ལ་ཤུགས་བརྒྱབ་ནས“སྤྱོད་ཚུལ་བཞི”ཡི་གནད་དོན་ཡོ་བསྲང་བཅོས་སྐྱོང་བྱ་དགོས།།
( བདེ་སྐྱིད་ཀྱིས་བསྒྱུར།)