国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་ཚོགས་འདུ་དར་མདོར་འཚོགས།

སྤྱི་ཟླ2ཚེས25ཉིན། ཁུལ་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཚོགས་འདུ་དར་མདོར་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་ཚོགས་འདུའི་སྙིང་དོན་དང་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྙིང་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ན་ནིང་གི་ལས་དོན་ཕྱོགས་བསྡོམས་དང་ད་སྔའི་གནས་བབ་ལ་དབྱེ་ཞིབ། ད་ལོའི་ལས་འགན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་པ་རེད།

ཚོགས་འདུར་འབྲེལ་ཡོད་གྲོས་ཚོགས་ཀྱི་སྙིང་དོན་དང་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཁུལ་ཡོངས་ཀྱི་བསམ་བློ་རིག་གནས་དྲིལ་བསྒྲགས་ལས་དོན་ཐད་གནང་བའི་མཆན་བཀོད་སྙིང་དོན་བརྒྱུད་བསྒྲགས་དང་། 2024ལོའི་ཁུལ་ཡོངས་ཀྱི་བསམ་བློ་རིག་གནས་དྲིལ་བསྒྲགས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པའི་སྡེ་ཚན་དང་མི་སྒེར་ལ་བརྡ་ཁྱབ་ཐོག་ནས་གཟེངས་བསྟོད་བྱས་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། 2024ལོར་ཁུལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་གཙོ་གནད་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་ནས་འགན་འཁྲི་འཁུར་ཞིང་མ་སྐུལ་དང་བླངས་ཀྱིས་བྱ་སྤྱོད་སྤེལ་ཏེ་ཁུལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ལ་བསམ་བློའི་དར་ཆ་སྔར་བས་མཐོན་པོར་བསྒྲེངས་པ་དང་།འཕེལ་ཕྱོགས་གཙོ་བོའི་གླེང་ཕྱོགས་སྔར་བས་ཤུགས་དྲག་པ། དུས་རབས་ཀྱི་སྲོལ་གསར་སྔར་བས་དར་བ། རྒྱུན་འཛིན་དང་སྲུང་སྐྱོང་སྔར་བས་ལེགས་པ། རིག་རྩལ་གསར་རྩོམ་སྔར་བས་ཕུན་སུམ་ཚོགས་པ། རིག་གནས་ཡུལ་སྐོར་ཐོན་ལས་སྔར་བས་གསོན་ཉམས་ལྡན་པ། ཉེན་ཁ་འགོག་ཟོན་སྔར་བས་ཚད་ལྡན་ཕྱིན་པ་དང་རྒྱལ་སྤྱིའི་ཁྱབ་སྤེལ་ལ་དེ་བས་ཕན་ནུས་ལྡན་པའི་གྲུབ་འབྲས་གསར་པ་ཐོབ་ཡོད།

ཚོགས་འདུའི་ཐོག་ནན་གསུང་གནང་དོན། 2025ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བ་དང་།དམར་དམག་གིས་ལྕགས་ཟམ་མྱུར་འཕྲོག་བྱས་ནས་ལོ90འཁོར་བ། དཀར་མཛེས་ཁུལ་བཙུགས་ནས་ལོ75འཁོར་བ་བཅས་ཡིན་ལ།“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་འགྲིལ་བའི་ལོ་དང་།“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ལ་སྟོབས་ཤུགས་བསགས་པའི་ལོ་ཡང་ཡིན། ཁུལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་ཁུལ་བཙུགས་ནས་ལོ75འཁོར་བའི་གཙོ་དོན་ལ་དམིགས་པ་དང་།“སྤྱོད་ཚུལ་སྒྱུར། བྱས་རྗེས་འཇོག། སྒྲིག་ལམ་སྲུང”ཞེས་པའི་ལས་ཀའི་བླང་བྱར་དམིགས་ནས་བློ་འགུགས་བླ་སྐྱོང་གིས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲད་རྒྱུ་ཟབ་སྤེལ་དངོས་སྒྲུབ་ཐུབ་པར་སྐུལ་འདེད་གཏོང་བ་དང་། མཐུན་སྒྲིལ་དང་སྐུལ་སློང་བྱས་ནས་འཕེལ་ཕྱོགས་གཙོ་བོའི་གླེང་ཕྱོགས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། གཙོ་རྒྱུན་གྱི་རིན་ཐང་གསོ་སྐྱོང་དང་ལག་ལེན་ལེགས་སུ་གཏོང་བ། གསར་གཏོད་ལ་བརྟེན་ནས་རིག་གནས་འཕེལ་རྒྱས་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཐིལ་ཚད་བརྟན་སྲུང་གིས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་འབྲི་བར་བསམ་བློའི་འགན་སྲུང་བརྟན་ཞིང་སྙིང་སྟོབས་ཆེན་པོ་དང་ཕན་ཡོད་རིག་གནས་ཀྱི་ཆ་རྐྱེན་བཅས་འདོན་སྤྲོད་བྱ་དགོས།

ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཡོན་མིང་ཀོང་ཚོགས་འདུར་ཞུགས་ཤིང་གཏམ་བཤད་བྱས། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲེང་ལུའུ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཕུའུ་ཡུང་ཧྥུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་དབང་མོ་བཅས་ཚོགས་འདུར་ཞུགས་པ་རེད།།

(ལྷ་འཛོམས་ཀྱིས་བསྒྱུར།)