གནམ་ལོ་གསར་པའི་སྨོན་ཚིག་དྲི་ཟའི་དབྱངས།།
བསྡེབས་ནས་ཕ་ཡུལ་ཁ་བའི་ལྗོངས་ནས་ཕུལ།།
དེས་ཀྱང་འཛམ་གླིང་ཞི་བདེ་ཡོང་བ་དང་།།
བདེ་སྐྱིད་ལེགས་ཚོགས་མཐའ་དག་གོང་འཕེལ་ཏེ།།
བཀྲ་ཤིས་དོན་ཀུན་འགྲུབ་པའི་ཤིས་པ་སྩོལ།།
གནམ་ལོ་གསར་པའི་ཉི་བཟང་འཆར་དང་ལྷན།།
བཅུད་ལྡན་ཞིམ་ཟས་དཀར་གསུམ་ཟས་ཀྱི་མཆོད།།
མཛེས་ལྡན་ཡིད་འོང་གྱོན་པའི་ཡིད་དབང་འཕྲོག།
ཁྱིམ་མི་ལྷན་འཛོམས་དགོད་སྒྲའི་འཛུམ་གྱིས་ཕྱུག།
གང་འདོད་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག།
གནམ་ལོ་གསར་པའི་དགའ་སྟོན་རབ་ཏུ་བཀྲ།།
ཤེས་རབ་སྟོབས་འཕེལ་དགེ་བའི་འགྲོ་བ་བདེ།།
ལེགས་ཚོགས་ལྷུན་གྱིས་གྲུབ་པའི་ལས་ཀྱི་ཕུན།།
སུམ་རྩེན་ས་ལ་འཕོས་འདྲའི་མཛེས་པའི་ཚོགས།།
འཕེལ་ནས་བཀྲ་ཤིས་ས་གསུམ་ཁྱབ་གྱུར་ཅིག།
༼ རྡོ་རྗེ་ཐར་ལམ། ༽