བཀྲ་ཤིས་དགའ་སྐྱིད་གནམ་ལོ་གསར་ཚེས་ལ།།
བཀྲ་ཤིས་ཆོལ་གསུམ་ཁ་བ་གངས་ཅན་པ།།
བཀྲ་ཤིས་ཕུན་ཚོགས་དཔལ་ལ་རོལ་པ་ཡི།།
བཀྲ་ཤིས་ལྷ་དར་དཀར་པོའི་མེ་ཏོག་སྦྲོན།།
བཀྲ་ཤིས་སུམ་བརྩེགས་ཤིང་མོ་སྦྲུལ་གྱི་ལོར།།
བཀྲ་ཤིས་ཁྱིམ་ལ་གཡང་གིས་ལོངས་སྤྱོད་རྒྱས།།
བཀྲ་ཤིས་ར་བར་གཡང་འཕེལ་ཕྱུགས་ཀྱིས་གང་།།
བཀྲ་ཤིས་འཛད་མེད་དཔལ་འབྱོར་དངོས་གྲུབ་སྩོལ།།
བཀྲ་ཤིས་གསེར་གྱི་ཉི་མ་མཁའ་ལ་འཆར།།
བཀྲ་ཤིས་རྟགས་བརྒྱད་རི་མོ་རྣམ་པར་བཀྲ།།
བཀྲ་ཤིས་ཁྱིམ་ཚང་མཐུན་པ་སྤུན་བཞི་དེ།།
བཀྲ་ཤིས་གཡང་ཆགས་ཚེ་རིང་རྣམ་དྲུག་ཤོག།
བཀྲ་ཤིས་ཕྱྭ་དང་གཡང་གི་བཅུད་འདུས་ཏེ།།
བཀྲ་ཤིས་རིན་ཆེན་བང་མཛོད་གཡང་གིས་གང་།།
བཀྲ་ཤིས་རླུང་རྟ་དར་བས་སྙན་གྲགས་ནི།།
བཀྲ་ཤིས་ཕྱོགས་བཅུའི་མཐའ་རུ་ཁྱབ་པར་ཤོག།
༼ ལྷ་མི་རྒྱལ།༽