国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལོ་སར་གྱི་སྨོན་ཚིག

ལོ་གསར་པའི་ནང་།

མི་རྣམས་ཐམས་ཅད།

བདེ་སྐྱིད་ཀྱི་དཔལ་ལ་ཁེངས་ཤིང་།

སྔར་བཞིན་འཚོ་བ་ལ་འོད་དང་ཟེར་གྱིས་

གཡོགས་པར་སྨོན།

སྔར་བཞིན་རྣམ་པ་འདི་མཛེས་སྡུག་རབ་ཏུ་

ལྡན་པར་ཤོག།

ལོ་གསར་པའི་ནང་།

ཡོད་ཚད་ནས་ཡོད་ཚད།

ནད་ངན་པའི་དྲི་མས་མ་གོས་ཤིང་།

སེམས་ལ་སྡུག་བསྔལ་གྱི་ཁུར་པོ་རྒྱབ་ཏུ་ལུས་པར་སྨོན།

སེམས་ལ་ན་ཟུག་གི་རྨ་ཁ་ཞར་ཡང་སོས་པར་ཤོག།

ལོ་གསར་པའི་ནང་།

བདེ་སྐྱིད་དང་འཚོ་བ།

ཞི་བདེ་དང་ལྷིང་འཇགས།

ཡོད་ཚད་ཕུན་སུམ་ཚོགས་པའི་རང་བཞིན་

ཞིག་ཏུ་ཆགས་པར་ཤོག།

ཡོད་ཚད་ལྟ་ན་སྡུག་པའི་རྣམ་པ་ཞིག་ཏུ་

འགྱུར་བར་སྨོན།

༼ གཉུག་མ། ༽