ཉེ་ཆར། ཉག་རོང་རྫོང་མང་ཚོགས་ཀྱིས་ལུས་ལ་རྒྱན་གོས་གཟབ་མཆོར་སྤྲས་ནས་དགའ་དགའ་སྤྲོ་སྤྲོས་བཅུ་གསུམ་དུས་ཆེན་བཏང་བ་དང་། དུས་ཆེན་དེ་ནི་ཉག་རོང་རྫོང་གི་ཐུན་མོང་མ་ཡིན་པའི་དུས་ཆེན་ཞིག་ཡིན་ལ།ཉིན་དེར་ས་གནས་དེ་གའི་མང་ཚོགས་ཀྱིས་སྐོར་བྲོ་འཁྲབ་པ་དང་རྟ་མཆོག་བང་རྩལ་འགྲན་པ་སོགས་སྲོལ་རྒྱུན་གྱི་བཅུ་གསུམ་དུས་ཆེན་བཏང་བ་རེད།
ཉག་རོང་རྫོང་དུ་བཅུ་གསུམ་དུས་ཆེན་གྱི་དཔེ་མཚོན་དང་མཚོན་བྱེད་རང་བཞིན་གྱི་ལོ་སར་གྱི་གོམས་སྲོལ་ཆགས་ཡོད་ཅིང་།སི་ཁྲོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་དང་ཞིང་ཆེན་རིམ་པའི་དུས་ཆེན་སྲུང་སྐྱོང་རྟེན་གཞིའི་ནང་བཅུག་པ་རེད། ཉེ་བའི་ལོ་ཤས་རིང་། གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བརྒྱུད་འཛིན་ལ་མུ་མཐུད་དེ་ཤུགས་བསྣན་ཏེ། ཉག་རོང་རྫོང་གིས་གཟུགས་མེད་རིག་གནས་ཤུལ་བཞག་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་བསྐུལ་བ་དང་། སྔ་རྗེས་སུ་དམར་པོ་ཁམས་ཀྱི་ཉག་རོང་གི་བཅུ་གསུམ་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཚིགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ།གཟུགས་མེད་རིག་གནས་ཤུལ་བཞག་གསར་པ་བསྐྱར་དར་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱིས་གསོན་ཤུགས་གསར་པ་རྒྱས་ཤིང་། གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་དང་སྲུང་སྐྱོང་།དཔལ་འབྱོར་རིན་ཐང་བསྒྱུར་བས་སྔར་བས་བསྐུལ་བར་མ་ཟད། གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་དེ་མང་ཚོགས་ཀྱི་འཚོ་བའི་ནང་འདྲེན་ནས་རྒྱ་ཆེ་བའི་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ཚོས་གཟུགས་མེད་རིག་གནས་ཤུལ་བཞག་ཤེས་རྟོགས་དང་གཟུགས་མེད་རིག་གནས་ཤུལ་བཞག་ལ་དགའ་ཞེན་བཅས་བྱས་ནས་གཟུགས་མེད་རིག་གནས་ཤུལ་བཞག་ལ་གསོན་ཤུགས་གསར་པ་བསྣན་པ་རེད།།