国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཉེ་ཆར། གསར་འགོད་པས་ཁུལ་སློབ་གསོ་ལུས་རྩལ་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2025ལོའི་སློབ་དུས་གསར་པ་འགོ་བཙུགས་པ་ནས་བཟུང་རང་ཁུལ་སློབ་གྲྭ་ཁག་གིས་སློབ་འགོ་འཛུགས་པའི་སློབ་ཐུན་དང་པོའི་གོ་སྐབས་དམ་དུ་བཟུང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་དང་འགྲིམ་འགྲུལ་ཉེན་མེད། ནགས་རྩྭའི་མེ་ཟོན་སོགས་ཀྱི་གཙོ་དོན་ལ་དམིགས་པའི་བྱེད་སྒོ་ཕུན་སུམ་ཚོགས་པ་སྤེལ་ཏེ་སློབ་མ་ཚོ་རྣམ་པ་གསར་རྐྱང་དང་སྤྲོ་སེམས་ཆེན་པོའི་ངང་སློབ་དུས་གསར་པའི་སློབ་སྦྱོང་དང་འཚོ་བར་ཞུགས་སུ་བཅུག་པ་རེད། དར་མདོ་སློབ་འབྲིང་གིས་ད་ལོའི་སློབ་འགོ་འཛུགས་པའི་སློབ་ཐུན་དང་པོར་སློབ་མ་ཚང་མར་དེང་སང་སྐད་གྲགས་ཆེ་བའི་གློག་བརྙན་ནེ་ཀྲ་ལས་བདུད་བུས་རྒྱ་མཚོ་དཀྲུགས་ཞེས་པ་ལྟ་རུ་བཅུག་པ་རེད། པར་འདི་ནི་སློབ་མ་ཚོས་གློག་བརྙན་ལྟ་བཞིན་པའི་ཚུལ་རེད།