国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལོ་གཡང་བསུ་ རུ་འགྲོ།

ཨ་རོ།

སྤྲིན་དཀར་གྱི་སྟེང་ནས།

གཡུ་འབྲུག་སྔོ་མོ་འཁྱུག་འཁྱུག་གནང་གིན།

ལོ་གཡང་འབོད་ཀྱིན་འབོད་ཀྱིན།

ཚེ་རིང་ནད་མེད་ཀྱི་བདུད་རྩི་ཁྱེར་ནས།

ལོ་གཡང་བསུ་རུ་འགྲོ།

ཨ་རོ།

མཛེས་འཛུམ་དཔལ་གྱི་དགོད་སྒྲ་ལ་འཇུས་ནས།

སྒྱུ་རྩལ་གར་གྱིས་མེ་ཏོག་ཕབ་ཀྱིན།

གཡང་དཀར་འབྲི་མོའི་འོ་མ་མཆོད་ཀྱིན།

དཀོན་མཆོག་གསུམ་ལ།

ལོ་ཡག་འབུལ་དུ་འགྲོ།

ཨ་རོ།

ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་ཚ་མོ།

འཇོ་སྒེག་ཕྲ་རྒྱན་གྱིས་བརྒྱན་པའི་སྲས་མོ།

སྦྲུལ་མོ་འཛུམ་དཀར་མ།

མེ་ཏོག་དཀར་དམར་གྱི་གདན་ལ།

ལོ་གཡང་ཀླུ་རྒྱལ་གྱི་བང་མཛོད་ཁྱེར་ནས།

སེམས་ཕྱི་ནང་བར་གསུམ་ནས།

བསུ་མ་དང་། ལོ་གཡང་འབོད་དུ་འགྲོ།

༼ དབྱངས་ཞི་བ། ༽