ཤར་གྱི་ལྷུན་པོས་བཏེགས་པའི་སྐྱ་རེངས་འདི།།
ལོ་རྙིང་མུན་པ་བརྒལ་ནས་ཡུལ་འདིར་བསླེབས།།
རེ་བའི་འཛུམ་ཞལ་གསར་བ་གྲོལ་དང་ལྷན།།
སྨོན་པའི་ཤིས་ཚིག་དབྱངས་དང་མགུར་གྱིས་སྦྲོན།།
སྡེ་ཆེན་གྲོང་ནས་ཕུལ་བའི་ལྷ་བསང་དེ།།
སྤྲིན་གྱི་བང་རིམ་བརྒལ་ནས་མཁའ་ལ་ཐིམ།།
འདོད་གསོལ་སྙིང་གི་རེ་བའི་ཆར་ཆེན་པོ།།
རྟེན་འབྲེལ་བཅས་ཏེ་གཡང་གི་ཁྱིམ་ལ་འཁོར།།
སྡེ་བཞི་ཡོངས་སུ་རྫོགས་པའི་སྐལ་བཟང་དུས།།
སྐྱེ་འགྲོ་ཀུན་གྱི་འདོད་པའི་ཞིང་དུ་ཚེས།།
ནད་མུག་མཚོན་གྱི་བསྐལ་པ་མཐར་སངས་ནས།།
ཕན་བདེ་བརྩེ་བའི་མཚོ་མོ་རྒྱས་པར་ཤོག།
བཀྲ་ཤིས་གཡང་ལོ་གསར་པ་མདུན་དུ་ཚེས།།
མི་ཕྱུགས་གོད་ཀྱི་མུན་པ་མཁའ་ལས་དྭངས།།
ཚེ་བསོད་ཕྱྭ་གཡང་ནོར་གྱི་འཕེལ་ཀ་རྒྱས།།
བསམ་པའི་དོན་ཀུན་འགྲུབ་པའི་སྨོན་ལམ་འདེབས།།
༼ གློག་འོད། ༽