གཞོན་ནུ་དང་བླངས་པས་ཅང་སུའུ་ཞིང་ཆེན་དབྱང་ཀྲོའུ་གྲོང་ཁྱེར་ཅང་ཏུའུ་ཆུས་ཧྲའོ་པོ་གྲོང་རྡལ་རྒན་གསོ་ཁང་གི་རྒན་རྒོན་ཚོར་སྐྱེས་སྐར་བསུ་བཞིན་པ།
དང་བླངས་པས་ཧྲན་ཏུང་ཞིང་ཆེན་ལེ་ལིང་གྲོང་ཁྱེར་ལེ་ཧྥེང་ལ་སློབ་སྦྱོང་དང་དཔལ་ཡོན་ལག་ལེན་ང་ཡིས་བྱེད་ཅེས་པའི་བདེ་སྐྱིད་ཚོང་འདུས་ཡུལ་དངོས་སུ་ཕྲུ་གུ་ཚོར་གད་སྙིགས་རིགས་དབྱེ་ཤེས་བྱ་སྒྲོག་བཞིན་པ།
ཆིང་ཏའོ་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡི་ཉེན་རྟོག་པས་སློབ་ཆེན་སློབ་མར་རླངས་འཁོར་དུ་སྡོད་པའི་ཉེན་མེད་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པ།
གུང་གཞོན་ཚོགས་པ་ཆིང་ཏའོ་གྲོང་ཁྱེར་ཨུ་ལྷན་གྱི་གཞོན་ནུ་དང་བླངས་པས་མང་ཚོགས་ལ་ལེ་ཧྥེང་གི་བྱས་རྗེས་འཆད་བཞིན་པ།
ཁྲུང་ཆིང་གྲོང་ཁྱེར་པེ་ཕེ་ཆུས་ཏུང་དབྱང་ཁྲོམ་ལམ་ཞི་ཧྲན་ཕིང་ཞིང་པ་ལས་མི་ཕ་ཡུལ་དུ་ལོག་པའི་ལས་གཏོད་གླིང་དུ་ལྷོ་ནུབ་སློབ་ཆེན་ནས་ཡོང་བའི་སློབ་མ་དང་བླངས་པས་འདེབས་འཛུགས་དུད་ཚང་ཆེ་གྲས་ལ་ཚ་ལུ་མ་འཐུ་རོགས་བྱེད་བཞིན་པ།
དང་བླངས་པས་ཅང་སུའུ་ཞིང་ཆེན་ཧའེ་ཨན་གྲོང་ཁྱེར་ཁྲེང་ཏུང་གྲོང་རྡལ་ཞི་ཁྲང་རྒན་གསོ་ཁང་དུ་རྒན་རྒོན་ལ་རིན་པ་མི་དགོས་པ་སྐྲ་གཞར་བཞིན་པ།
གཞོན་ནུ་དང་བླངས་པས་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་སྤྱི་ཕན་ཞབས་ཞུའི་ཚོང་འདུས་སུ་ལེ་ཧྥེང་གི་གཙོ་དོན་ཤོག་དྲས་བརྩམས་ཆོས་འགྲེམས་བཞིན་པ།
ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དྲན་གསོའི་ཉིན་མོ་འཆར་ལ་ཉེ་སྐབས། རང་རྒྱལ་ས་གནས་ཁག་གིས་དང་བླངས་ཞབས་ཞུ་པའི་བྱེད་སྒོ་སྤེལ་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་ལེ་ཧྥེང་གི་སྙིང་སྟོབས་ལག་ལེན་བསྟར་བ་རེད།།