དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པའི་དུས་བཟང་འདིར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། རིགས་ཁོངས34ནས་ཕེབས་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན2100ལྷག་ཙམ་གྱིས་རྒྱལ་སར་འཛོམས་ནས་ཐུན་མོང་ཐོག་རྒྱལ་དོན་གྲོས་མོལ་གནང་འགོ་ཚུགས། ང་ཚོས་ཚོགས་ཆེན་ཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན།
2024ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཡིན་ཞིང་། ཆར་རླུང་གི་ཚོད་བགམ་འཕྲད་རུང་། ཞུམ་མེད་ཀྱི་འབད་འཐབ་བྱས་ཡོད། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཆེ་རུ་ཕྱིན་པ་དང་ནང་ཁུལ་གྱི་དཀའ་ངལ་མང་དུ་ཕྱིན་པའི་རྙོག་འཛིང་ཆེ་ལ་ཛ་དྲག་པའི་དུས་བབ་ཀྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བབ་བརླིང་སྟབས་བསྟུན་དང་། ཕྱོགས་བསྡུས་ཇུས་བསྟར། འགག་སྒྲོལ་དཀའ་སེལ། འབད་འབུངས་མདུན་སྐྱོད་བཅས་བྱས་ནས། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་བརྟན་པོའི་ངང་འཕེལ་རྒྱས་གཏོང་བ། དམངས་འཚོ་འགན་སྲུང་ཏན་ཏིག་དང་ནུས་ལྡན་བཅས་བྱས་པས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་གྲུབ་བྱུང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་སྲ་ཞིང་བརྟན་པའི་གོམ་སྟབས་གསར་པ་སྤོས་ཡོད། ( པར་ངོས་གསུམ་པར་གཟིགས།)