国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སི་ཁྲོན་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས།

སྤྱི་ཟླ3ཚེས3ཉིན་གྱི་ཕྱི་དྲོར། པེ་ཅིང་དུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་སི་ཁྲོན་འཐུས་མི་ཚོགས་པས་བཅའ་སྡོད་བྱ་ཡུལ་དུ་ཚང་འཛོམས་གྲོས་ཚོགས་འཚོགས་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཞའོ་ཧུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་ཝང་ཞའོ་ཧུའེ་སི་ཁྲོན་འཐུས་མི་ཚོགས་པའི་ཚོགས་གཙོ་དང་ཧྲི་ཞའོ་ལིན་དང་ལིའོ་ཅན་ཡུས། ཏུང་ཝེ་མིན། ཝང་ཡན་ཧྥེ། ལུའོ་ཆང་། ཧོ་ཡན་ཀྲེང་བཅས་ཚོགས་གཙོ་གཞོན་པར་འདེམས་བསྐོ་བྱས་པ་རེད།

ཚོགས་འདུའི་ཐོག་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན། ཚོགས་ཆེན་གྱི་གྲོས་རིམ་འཆར་ཟིན་བཅས་ལ་གྲོས་ཞིབ་བྱས་པ་དང་ཚོགས་ཆེན་གྱི་འབྲེལ་ཡོད་བླང་བྱ་སོགས་བརྒྱུད་བསྒྲགས་བྱས་པ་རེད།

( པར་ངོས་གཉིས་པར་གཟིགས།)