国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音


ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་རྒྱལ་ཡོངས་ལས་གནས་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དཔེ་བཟང་ཚན་འབོར་བཅུ་པར་མིང་རྟགས་བཀོད།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གཏམ་གསར། ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་རྒྱལ་ཡོངས་ལས་གནས་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དཔེ་བཟང་ཚན་འབོར་བཅུ་པར་མིང་རྟགས་བཀོད་པ་རེད། ཐེངས་འདིའི་མིང་རྟགས་བཀོད་པའི་རྒྱལ་ཡོངས་ཀྱི་ལས་གནས་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དཔེ་བཟང100(ཐུན་མོང་དང་མི་སྒེར་འདུས་ཡོད)ཡོད་ཅིང་། གཙོ་བོ་ཁེ་ལས་དང་ཞིང་སྡེ། ལས་ཁུངས། སློབ་གྲྭ། སྤྱི་ཁུལ། སྨན་ཁང་། དམག་དཔུང་སོགས་གཞི་རིམ་ལས་ཡུལ་ནས་ཡོང་བ་རེད། ཁོ་ཚོས་རང་འཁྲིའི་ལས་འགན་ལ་དམིགས་ནས་ལས་གནས་སུ་བྱས་རྗེས་བཞག་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ལེ་ཧྥེང་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། བྱས་རྗེས་གསར་པས་དུས་རབས་གསར་པའི་ལེ་ཧྥེང་གི་གཏམ་རྒྱུད་བྲིས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་གསོ་སྐྱེད་དང་ལག་ལེན་བསྟར་བར་དཔེ་སྟོན་གྱི་སྐུལ་ཁྲིད་ནུས་པ་བཏོན་ཡོད་པ་རེད།

ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་བླང་བྱ་བཏོན་དོན། ས་གནས་ཁག་དང་རིམ་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱེད་པ་རྒྱུན་འཁྱོངས་ཤིང་། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ། རྒྱལ་ཡོངས་ལས་གནས་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དཔེ་བཟང་ཚན་འབོར་བཅུ་པར་མིང་རྟགས་བཀོད་པའི་གོ་སྐབས་དང་བསྟུན་ནས་དུས་རབས་གསར་པའི་ལེ་ཧྥེང་གི་གཏམ་རྒྱུད་ཡག་པོ་བཤད་པ་དང་། ལེ་ཧྥེང་གི་སྙིང་སྟོབས་མི་རབས་ནས་མི་རབས་བར་བརྒྱུད་འཛིན་ལ་བསྐུལ་བ། ལས་བྱེད་པ་མང་ཚོགས་རྒྱ་ཆེན་ལ་མཐུན་སྒྲིལ་འབད་འཐབ་དང་གསར་འབྱེད་ཡར་བརྩོན། ལས་དོན་ནན་ཏིག་སྒྲུབ་པར་སྐུལ་མ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པ་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་བར་བྱས་རྗེས་གསར་པ་གཞག་དགོས།

( སྐལ་ཐུབ་ཀྱིས་བསྒྱུར།)