( པར་ངོས་དང་པོར་མཐུད།)རང་རྒྱལ་གྱི་འཕེལ་རྒྱས་གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པ་དང་མི་རྣམས་ལ་སྐུལ་མ་ཐེབས་པ་ཞིག་ཀྱང་ཡོད། དེ་ལས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་ལས་དོན་མཐའ་དག་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཡིན་པ་ར་འཕྲོད་གང་ལེགས་ཐུབ་ཡོད། མི་དམངས་དུང་ཕྱུར14ལྷག་ཙམ་གྱིས་ཏང་གི་འགོ་ཁྲིད་འོག་ཡིད་ཆེས་བྱེད་སེམས་བརྟན་དུ་གཏོང་བ་དང་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ། ཕྱོགས་ཁག་གི་མཐུན་རྐྱེན་དག་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་སུ་བསྒྱུར་རྒྱུའི་འབད་བརྩོན་བྱས་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུ་གཟིངས་དེ་ཉིད་རླུང་བརྟེན་རླབས་གཤག་གིས་བརྟན་བགྲོད་རྒྱང་འཁྱོལ་ཐུབ་ངེས་རེད།
དུས་རབས་དང་གོམ་སྟབས་གཅིག་མཚུངས་ཀྱིས་མེས་རྒྱལ་དང་མཉམ་དུ་འབད་བརྩོན་བྱེད། ལོ75ཡི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་འགྲིམས་པའི་མི་དམངས་སྲིད་གྲོས་ཀྱི་གསོན་ཤུགས་སྔར་ལས་ཆེན་པོ་རྒྱུན་ཆད་མེད་པར་མངོན་བཞིན་ཡོད། འདས་ཟིན་པའི་ལོ་གཅིག་རིང་། “རྒྱལ་ཁབ་ཀྱི་དོན་ཆེན”ལ་དམ་པོར་དམིགས་ཏེ་གྲོས་མོལ་སྲིད་གླེང་གི་བྱེད་སྒོ་སྣ་ཚོགས་སྤེལ་བ་ནས་ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་པའི“མི་དམངས་ལ་ཞབས་འདེགས་ཞུ་བའི”བྱེད་སྒོ6000ལྷག་ཙམ་གཏིང་ཟབ་སྤེལ་བའི་བར། མི་དམངས་སྲིད་གྲོས་ཀྱིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་མཐའ་འཁྱོངས་དང་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ཏེ་འགན་འཁྲི་གཙང་སྒྲུབ་བྱེད་པ། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་ཕུལ་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཆབ་སྲིད་རྩ་འཛུགས་ཤིག་ཡིན་པའི་མི་དམངས་སྲིད་གྲོས་ནི་ཚན་རིག་དང་མཐུན་པ་དང་། ཕན་ནུས་ལྡན་པ། སྤྱོད་གོ་ཆོད་པ་བཅས་ཀྱི་ལམ་ལུགས་ཀྱི་བཀོད་སྒྲིག་ཅིག་ཡིན་པ་དང་དེར་རིག་གནས་ཀྱི་རྨང་གཞི་དང་། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི། ལག་ལེན་གྱི་རྨང་གཞི་བཅས་གཏིང་ཟབ་ལྡན་ཡོད་ལ། ཀྲུང་གོའི་ཁྱད་ཆོས་དང་ཆབ་སྲིད་ཀྱི་ལེགས་ཆའང་མངོན་གསལ་དོད་པོ་ལྡན་ཡོད་པ་ལག་ལེན་ལས་ར་འཕྲོད་ཐུབ་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དུ་རླུང་འཇམ་ཉི་དྲོད་ཡོད་པ་མ་ཟད། དྲག་ཆར་རླུང་འཚུབ་དང་ཐ་ན་རྦ་རླབས་འཇིགས་སུ་རུང་བའང་འཕྱུར་སྲིད། དེས་ན་ང་ཚོས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས” མིག་སྔར་འཛམ་གླིང་ལ་འགྱུར་ལྡོག་དང་། དུས་རབས་ལ་འགྱུར་ལྡོག ལོ་རྒྱུས་ལ་འགྱུར་ལྡོག་བཅས་འགྲོ་ཚུལ་ཟམ་མི་ཆད་པར་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་། རང་རྒྱལ་གྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་སྔར་ལས་དཀའ་ཚེགས་ཆེ་བས། སྔར་བས་སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་རྒྱུ་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན་རྒྱག་རྒྱུའི་ཁ་ཚ་དགོས་གཏུགས་ཆེན་པོ་ཡོད། ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཤིག་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་གཟི་བརྗིད་ལྡན་ལ་འགན་འཁྲི་ཕྲག་ཏུའང་བབས་ཡོད། བརྗོད་དོན་ཆེན་པོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། མི་དམངས་སྲིད་གྲོས་ཀྱི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་བཏོན་པའི་བླང་བྱ་དོན་འཁྱོལ་བྱེད་པ་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚོའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་བཅས་བྱས་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཁྱབ་རྒྱ་སྔར་བས་ཆེན་པོས་མི་སེམས་གཅིག་སྒྲིལ་དང་། ཐུན་མོང་ངོས་འཛིན་གཅིག་སྒྲིལ། བློ་གྲོས་གཅིག་སྡུད། སྟོབས་ཤུགས་གཅིག་སྡུད་བཅས་བྱེད་ཐུབ་ངེས་རེད།
ཐུན་མོང་ངོས་འཛིན་རྒྱ་ཁྱབ་གཅིག་སྒྲིལ་དང་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱེད་པའི་འགག་རྩ་དེ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པར་ཐུག་ཡོད། ད་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་ཡིན་པས། ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱེད་པ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བཅས་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་རྨང་གཞི་བརྟན་པོ་འདིང་དགོས། དེས་མི་དམངས་སྲིད་གྲོས་ཀྱིས་རང་འགན་གཙང་སྒྲུབ་བྱེད་པ་དང་ནུས་པ་འདོན་སྤེལ་བྱེད་པར་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད། མི་དམངས་སྲིད་གྲོས་ལ་ཤེས་ལྡན་པ་ལྷན་འཛོམས་དང་རིག་སྟོབས་མང་འདུས་ཀྱི་ལེགས་ཆ་ལྡན་པ་དང་། སྲིད་གྲོས་ཨུ་ཡོན་ནི་ཏང་དང་སྲིད་གཞུང་གིས་རིགས་ཁོངས་ཁག་གི་མང་ཚོགས་དང་འབྲེལ་བ་བྱེད་པའི་ཟམ་པ་དང་འབྲེལ་ཐག་ལྟ་བུ་རེད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་རྒྱལ་ཆེད་འགན་སྒྲུབ་དང་དམངས་ཆེད་འགན་འཁུར་གྱི་བརྩེ་སེམས་རྒྱུན་འཆང་གིས་བྱ་གཞག་སེམས་ལ་འཇོག་པ་དང་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ཐོག་སེམས་ནུས་གཅིག་སྒྲིལ་དང་། ཐབས་ཇུས་བློ་འདྲི། གྲོས་མོལ་དམངས་གཙོ། རྒྱལ་ཁབ་བཅོས་སྐྱོང་བཅས་ཀྱི་འཐབ་ས་དང་པོའི་ལག་ལེན་དངོས་ནང་རང་རྟོགས་ངང་ཞུགས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལ་དམ་པོར་དམིགས་ནས་བརྟག་ཞིབ་སྲིད་གླེང་གཏིང་ཟབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཐབས་ཇུས་བཟང་པོ་འབུལ་བ་དང་བྱེད་ཐབས་དངོས་འདོན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།
བློ་སྟོབས་གཅིག་སྒྲིལ་རི་བོ་ཁྲི་སྟོང་བརྒལ། སེམས་པ་གཅིག་མཐུན་འགག་སྒོ་ཁྲི་ཕྲག་སྒྲོལ། ད་ཆ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་དེ་ཉིད་འགོག་ཐབས་མེད་པའི་གོམ་སྟབས་སྤོ་བཞིན་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་སྐྱོད་བཞིན་ཡོད། དུས་རབས་ཀྱིས་འགན་འཁྲི་ཕྲག་ཏུ་འཁུར་རྒྱུར་འབོད་སྐུལ་བྱེད་ལ། ཀྲུང་ཧྭའི་བུ་ཕྲུག་དུང་ཕྱུར་མང་པོས་ལག་གདང་དཔུང་སྦྲེལ་གྱིས་མདུན་སྐྱོད་བྱ་རྒྱུའི་འབོད་སྐུལ་ཡང་བྱེད་ཀྱི་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། བློ་སེམས་གཅིག་མཐུན་དང་ཇུས་ཤུགས་མཉམ་འདོན་བཅས་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)