国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སི་ཁྲོན་འཐུས་མི་ཚོགས་པས་ཚོགས་འདུ་འཚོགས་ནས་

འཐུས་མི་ཚོགས་པའི་གྲོས་འགོར་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་། ཝང་ཞའོ་ཧུའེ་ཡིས་གཙོ་སྐྱོང་གནང་། ཧྲི་ཞའོ་ལིན་ཚོགས་འདུའི་ནང་ཞུགས།

སྤྱི་ཟླ3ཚེས4ཉིན་གྱི་ཕྱི་དྲོར། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པའི་སི་ཁྲོན་འཐུས་མི་ཚོགས་པས་བཅའ་སྡོད་བྱ་ཡུལ་དུ་ཚང་འཛོམས་གྲོས་ཚོགས་འཚོགས་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། འཐུས་མི་ཚོགས་པའི་ཚོགས་གཙོ་ཝང་ཞའོ་ཧུའེ་ཡིས་ཚོགས་འདུ་གཙོ་འགན་བཞེས་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཞིང་དཔོན། འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་ཧྲི་ཞའོ་ལིན་ཚོགས་འདུར་ཞུགས་པ་རེད། ཚོགས་འདུར་སི་ཁྲོན་འཐུས་མི་ཚོགས་པའི་མིང་ཐོག་ནས་གྲོས་འགོ30ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད། ད་དུང་བླང་བྱ་ལྟར་ཚོགས་ཆེན་དྲུང་ཡིག་ཁྲུའུ་ལ་སྙན་སེང་ཞུ་རྒྱུ་རེད། གྲོས་འགོ30དེ་དག་གཙོ་བོ་རིགས་ལྔ་ལ་དབྱེ་ཡོད་པ་སྟེ། རྨང་གཞིའི་སྒྲིག་བཀོད་རིགས་ཀྱི་ཁག9དང་། སྤྱི་ཚོགས་དང་དམངས་འཚོ་རིགས་ཀྱི་ཁག5དང་། འཕེལ་རྒྱས་སྲིད་ཇུས་རིགས་ཀྱི་ཁག6དང་། བསྒྱུར་བཅོས་གསར་གཏོད་རིགས་ཀྱི་ཁག4དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ཐད་ཀྱི་ཁག6བཅས་རེད། དེའི་ནང་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱིས་རྒྱལ་ཡོངས་ཀྱི་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གསར་གཏོད་ལྟེ་གནས་མགྱོགས་མྱུར་སྐྲུན་པར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་གྲོས་འགོ་དང་། སི་ཁྲོན་དང་ཁྲུང་ཆིང་བྱང་ཤར་གཞི་གཅིག་ཅན་གྱི་ཆུའི་ཐོན་ཁུངས་བཀོད་སྒྲིག་ལས་གཞི་སྔར་བས་སྐུལ་བའི་གྲོས་འགོ། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་ཟོག་འགྲེམས་བགྲོད་ལམ་ཆེན་པོ་འཛུགས་པར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་གྲོས་འགོ་སོགས་འདུས་ཡོད། དེའི་ནང་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གཉིས་རྒྱལ་ཡོངས་ཀྱི་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གསར་གཏོད་ལྟེ་གནས་སུ་མགྱོགས་མྱུར་སྐྲུན་པར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་གྲོས་འགོ་དེ་སི་ཁྲོན་འཐུས་མི་ཚོགས་པ་དང་ཁྲུང་ཆིང་འཐུས་མི་ཚོགས་པས་མཉམ་འབྲེལ་ཐོག་བཏོན་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)