国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས།

དཔལ་འབྱོར་ཞིང་ཆེན་ཆེན་པོས་འགན་འཁྲི་ལྕི་པོ་ཁུར་ནས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་བྱས་རྗེས་འབུལ་དགོས།

སྤྱི་ཟླ3ཚེས5ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཁོང་གནས་སའི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པའི་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ3ཚེས5ཉིན་གློག་འཕྲིན་འབྱོར་གསལ། ཚེས5ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཁོང་གནས་སའི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པའི་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་དམིགས་ཚད་ཕུན་སུམ་ཚོགས་པོས་མངོན་འགྱུར་བྱེད་པར་དཔལ་འབྱོར་ཞིང་ཆེན་ཆེན་པོས་འགན་འཁྲི་ལྕི་པོ་འཁུར་དགོས། ཅང་སུའུ་ཡིས་འགན་འཁྲི་ལྕི་པོ་འཁུར་བའི་ཤུགས་རྒྱག་ས་སྟངས་འཛིན་ཡག་པོ་བྱས་ཏེ་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཐད་གདོང་མཆོང་བྱེད་པ་དང་། གཏིང་ཟབ་པའི་བསྒྱུར་བཅོས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་བའི་ཐད་བརྩོན་ལེན་བྱེད་ཕོད་པ། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་དོན་འཁྱོལ་བྱེད་པའི་ཐད་མདུན་གྲལ་དུ་སྐྱོད་པ། མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ཐད་མིག་དཔེ་འདོན་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཅང་སུའུ་འཐུས་མི་ཚོགས་པས་གྲོས་ཞིབ་ནན་ཏན་གནང་བའི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད། ཀྲའོ་ཅན་ཅུན་དང་། ཞུས་ཀོང་ཧུའེ། ཀྲང་ཅུན་ཅེ། ལི་ཤའོ་ནཱ། མེའོ་ཧན་ཀེན། ཁོ་ཅུན་བཅས་འཐུས་མི་དྲུག་གིས་ཁག་སོ་སོར་ལྗང་མདོག་ཐཱན་ཉུང་གི་ཕྱོགས་སྒྱུར་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། ཐོན་ལས་ཚན་རྩལ་གསར་གཏོད་ལྟེ་གནས་གཏོད་པ། ( པར་ངོས་གསུམ་པར་གཟིགས།)