国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དོན་འཁྱོལ་བྱས་ནས་གཏན་འཁེལ་དམིགས་ཚད་དང་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་བྱེད་དགོས།

—— ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་བས་དམག་ཡོངས་

—— ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་བས་དམག་ཡོངས་

དཔའ་ངར་ཆེར་སྐྱེད་དང་འབད་འབུངས་མདུན་སྐྱོད་བྱེད་པར་སྐུལ་མ་ཐེབས་པ།

སྤྱི་ཟླ3ཚེས7ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་བས་དམག་ཡོངས་ཀྱི་དཔོན་དམག་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད།

དམག་ཨུའི་ལས་ཁུངས་ཀྱི་པུའུ་ཨུ་ཁག་དང་། དམག་ཨུའི་ཐད་གཏོགས་ལས་ཁུངས་ཁག། དམག་ཨུའི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་བཅས་དང་། དམག་འཐབ་ཁུལ་ཁག་དང་དམག་རིགས་ཁག དམག་ཨུའི་ཐད་གཏོགས་ཚན་པ་ཁག་དང་དྲག་ཆས་ཉེན་རྟོག་དཔུང་སྡེ། རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་པའི་དམག་དཔུང་གི་འཐུས་མི་དང་ཨུ་ཡོན་གྱི་བཞུགས་གནས་བཅས་སུ་ཚང་མས་འཕྲལ་མར་སློབ་སྦྱོང་དང་གྲོས་བསྡུར་བྱས་ཏེ། ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུ། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་ཆོད་སེམས་དང་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། རང་དམག་འཛུགས་སྐྱོང་གི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་བའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱུང་ནས། གདེང་ཚོད་བརྟན་གཏོང་དང་། འགྲན་སློང་ལ་ཐད་ཀར་གཏུག་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དོན་འཁྱོལ་བཅས་བྱས་ཏེ། གཏན་འཁེལ་དམིགས་ཚད་དང་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་བྱས་ནས་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་གི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་ཡོད།

“ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་འཆར་འགོད་འཛུགས་སྐྲུན་གྱི་འབྲེལ་བ་གལ་ཆེན་དང་། ལག་ལེན་གྱི་ཐབས་ལམ། རྩ་བའི་བླང་བྱ་བཅས་ཁོང་དུ་ཡག་པོ་ཆུད་པ་བྱེད་དགོས་པ་གསལ་སྟོན་གནང་ནས་འཆར་འགོད་མཇུག་བསྡུའི་དུས་མཚམས་གལ་ཆེན་ནང་དམག་ཡོངས་ལ་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་སྔར་བས་གནང་ཡོད” རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྲེན་ཧྥང་ཝུའུ་ཡིས “འཐབ་ཇུས་འཆར་འགོད་ལས་དོན་པ་ཞིག་ཡིན་པའི་ངོས་ནས་གསུང་བཤད་ཉན་རྗེས་སྐུལ་ལྕག་ཆེན་པོ་ཐེབས་བྱུང་ལ་གདེང་ཚོད་ཀྱིས་ཁེངས་པ་མ་ཟད། འགན་འཁྲི་ཧ་ཅང་ལྕི་པོ་ཡིན་པ་ཡང་ཚོར་བྱུང་། གོམ་སྟབས་རྗེས་མའི་ལས་ཀའི་ནང་ང་ཚོས་འཆར་འགོད་ལག་བསྟར་སྤྱི་ཡོངས་སྤྱི་འདོམས་དང་གནད་སྨིན་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང། འཕྲད་པའི་འགལ་བ་དང་གནད་དོན་སྣ་ཚོགས་སྐབས་བསྟུན་ཐག་གཅོད་ཡག་པོ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བཅས་བྱས་ཏེ་དམག་དཔུང་སྟོབས་ཆེན་དང་རྒྱལ་ཁ་ལེན་པའི་འཐབ་ནུས་ཆེན་པོ་དུས་བཀག་ལྟར་བསྐྲུན་པའི་འགན་ལེན་བྱེད་རྒྱུ་ཡིན”ཞེས་གསུངས་ཡོད།

“ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་དུ་ལངས་ནས། རང་དམག་འཛུགས་སྐྱོང་གི‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་དམིགས་ཚད་དང་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་སྒྲུབ་བྱེད་པར་དམིགས་ནས་བླང་བྱ་ཁ་གསལ་བཏོན་པ་དང་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ།( པར་ངོས་བཞི་པར་གཟིགས།)