སྤྱི་ཟླ3པའི་ཚེས8ནས12ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་སྡེ་རོང་རྫོང་དང་འབའ་ཐང་རྫོང་།ཕྱག་ཕྲེང་རྫོང་སོགས་སུ་ཕེབས་ནས་གཞི་རིམ་ཏང་འཛུགས་དང་སྤྱི་ཚོགས་བཅོས་སྐྱོང་། བརྟན་བརླིང་སྲུང་སྐྱོང་།ཡུལ་སྡེ་དར་རྒྱས་སོགས་ཀྱི་ལས་དོན་ལ་བརྟག་དཔྱད་ཞིབ་འཇུག་གནང་བ་དང་། གཞི་རིམ་ལས་བྱེད་མང་ཚོགས་དང་ཁ་གཏད་རོགས་སྐྱོར་ལས་བྱེད། ཤེས་ལྡན་མི་སྣ་སོགས་ལ་འཚམས་འདྲི་གནང་། ཁོང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག་ཕྱོགས་ཡོངས་ནས་འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་བྱ་བ་སྒྲུབ་པ། ས་གནས་བརྟན་སྲུང་གི་འགན་འཁྲི་དོན་ལ་འཁྱོལ་ནས་རྒྱུན་ཆད་མེད་པར་གཞི་རིམ་རྨང་གཞི་སྲ་བརྟན་དང་བཅོས་སྐྱོང་ཕན་ནུས་ཆེ་རུ་གཏང་བ། ཤུགས་ཡོད་རྒུས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་བྱ་དགོས་ཞེས་ནན་གསུང་གནང་།
སྡེ་རོང་རྫོང་ཝ་ཁ་གྲོང་རྡལ་ཁྲོན་སྐོར་ཕྱོགས་བསྡུས་ཞིབ་བཤེར་ས་ཚུགས་དང་འབའ་ཐང་རྫོང་གྲུ་བ་ལུང་བདེ་འཇགས་ཞིབ་བཤེར་ས་ཚུགས་ཀྱིས་ཡུན་ནན་དང་བོད་ལྗོངས་ནས་སི་ཁྲོན་དུ་ཡོང་བའི“སོ་ལྟ་ཁང་དང་པོའི”འགན་འཁྲི་ཕྲག་ཏུ་འཁུར་བཞིན་ཡོད།
བདེ་འཇགས་ཞིབ་བཤེར་ས་ཚུགས་གཉིས་སུ་ཧྲེན་དབྱང་གིས་ལས་འགན་སྒྲུབ་བཞིན་པའི་སྤྱི་བདེ་མི་སྣ་དང་ཟུར་རོགས་ཉེན་རྟོག་པ། དྲག་ཆས་ཉེན་རྟོག་པ་སོགས་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་དང་ཞིབ་བཤེར་ས་ཚུགས་ཀྱི་ལས་འགན་གྲ་སྒྲིག་དང་ཉེན་རྟོག་སྟོབས་ཤུགས་བཀོད་སྒྲིག། འགག་གནས་ཞིབ་བཤེར་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ལ་གསན། ཧྲེན་དབྱང་གིས་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་སྤར་དགོས་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱེད་པའི་འགན་འཁྲིའི་ལམ་ལུགས་དོན་ལ་འཁྱོལ་ནས། བསམ་བློའི་མཐིལ་ཚད་ཇེ་བརྟན་དུ་བཏང་ནས་ལས་རེས་ཐུན་སྲུང་ལ་མུ་མཐུད་དེ་ཤུགས་རྒྱག་པ་དང་རྒྱུན་གཏན་སྐོར་ཞིབ་དང་མཉམ་འབྲེལ་སྔོན་འགོག། ( པར་ངོས་གཉིས་པར་གཟིགས།)