国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音


གསར་འགྱུར་གནད་བསྡུས།

༄༅།། ཉེ་ཆར། ཁུལ་ཡོངས་ཀྱི2025ལོའི་ཟླ་བ2པའི་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་བཀོད་གཏོང་ཚོགས་འདུ་དར་མདོར་འཚོགས།

༄༅།། ཉེ་ཆར། སི་ཁྲོན་ཞིང་ཆེན་ཞིང་ལས་གྲོང་སྡེ་ཐིང་གིས་སི་ཁྲོན་ཞིང་ཆེན་ཞིང་ལས་སྤུས་རྟགས་དཀར་ཆག་ཁག་དང་པོ་དང་གཉིས་པའི་ནང་བདམས་པའི་སྤུས་རྟགས་ཀྱི་འགུལ་རྣམ་ལེགས་སྒྲིག་མིང་ཐོ་དང་། སི་ཁྲོན་ཞིང་ཆེན་ཞིང་ལས་སྤུས་རྟགས་དཀར་ཆག་ཁག་གསུམ་པའི་ནང་གདམ་རྩིས་ཡོད་པའི་མིང་ཐོ་དངོས་སུ་ཡོངས་བསྒྲགས་བྱས་པ་རེད།

༄༅།། སྤྱི་ཟླ3པའི་ཚེས24ཉིན། དར་མདོ་གྲོང་ཁྱེར་གུར་དྲག་གྲོང་རྡལ་རི་བརྒལ་ལུང་པའི་འདམ་རུད་བཅོས་སྐྱོང་ལས་གྲྭའི་འཛུགས་སྐྲུན་ལས་ཚན་དངོས་སུ་ལས་འགོ་བཙུགས་པ་རེད།

༄༅།། སྤྱི་ཟླ3པའི་ཚེས24ཉིན། ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་དང་སྲིད་གྲོས་གྲོས་གཞི་གཅིག་སྡུད་རྩིས་སྤྲོད་ཚོགས་འདུ་དར་མདོར་འཚོགས།

༄༅།། སྤྱི་ཟླ3པའི་ཚེས25ཉིན། 2025ལོའི་དཀར་མཛེས་ཁུལ་ལས་ཁུངས་ཀྱི་ཏང་ལེགས་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་ཚོགས་འདུ་དར་མདོར་འཚོགས།། ( སྐལ་བཟང་རྒྱ་མཚོས་བསྒྱུར།)