སྤྱི་ཟླ3ཚེས27ཉིན། ཁུལ་ཨུའི་སྤྱི་ཚོགས་ལས་དོན་ཚོགས་འདུ་དར་མདོར་འཚོགས་པ་དང་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཚོགས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་ལས་དོན་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་ཐོག་འཁྱོལ་བ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་རང་འགན་ནན་སྒྲུབ། དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་འཛུགས་སྐྱོང་ལ་སྐུལ་ཆེད་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས་ཞེས་ནན་གསུང་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲང་ཐུང་རུང་ཚོགས་འདུར་ཞུགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཆབ་སྲིད་ཁྲིམས་ལུགས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན་གྱིས་སྤྱི་ཚོགས་ལས་དོན་བཀོད་སྒྲིག་བྱས་པ་རེད།
ཧྲེན་དབྱང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་ལས་དོན་ལ་དམིགས་ནས་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་ཞིང་། བསམ་བློ་གསར་པ་དང་ལྟ་བ་གསར་པ།ཆོད་གཏམ་གསར་པ་རབ་དང་རིམ་པ་བཏོན་པས། དུས་རབས་གསར་པའི་ཏང་གི་སྤྱི་ཚོགས་ལས་དོན་ལེགས་པར་བསྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་བརྩི་སྲུང་འདོན་སྤྲོད་བྱས་ཡོད། ཞིང་ཨུའི་སྤྱི་ཚོགས་ལས་དོན་ཚོགས་འདུའི་ཐོག་དུས་རབས་གསར་པའི་སི་ཁྲོན་གྱི་སྤྱི་ཚོགས་ལས་དོན་ལ་འཕྲད་པའི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་ཟབ་མོ་བྱས་ནས་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”བརྩི་སྲུང་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་ལམ་ལུགས་ཀྱི་ལེགས་ཆ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ལེགས་ཆ་བཅས་བེད་སྤྱོད་གང་ལེགས་བྱས་ཏེ་སྤྱི་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་།བོད་བརྟན་ཁམས་བདེའི་འཐབ་ཇུས་ཀྱི་གནས་བབ་སྲ་བརྟན་དུ་གཏོང་བའི་ལས་འགན་གལ་ཆེན་བློ་བརྟན་འགྱུར་མེད་ངང་འཁུར་དགོས་ཞེས་གསུངས།
ཧྲེན་དབྱང་གིས་མིག་སྔར་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྤྱི་ཚོགས་ལས་དོན་སྡེ་ཚན་བཙུགས་ཟིན་པ་དང་ཕྱོགས་ཁག་གི་ལས་དོན་འགོ་ཡག་པོ་འཛུགས་ཐུབ་ཡོད། ཏང་འཛུགས་སྐྱོང་ལ་དམིགས་ཏེ་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་དེ་སྤྱི་ཚོགས་ཀྱི་ལས་དོན་ཟབ་སྤེལ་ལེགས་སྐྱོང་བྱས་ནས་ལས་ཆོད་ཆེ་ཞིང་སྤུས་ཚད་མཐོ་རུ་ཕྱིན་པར་བསྐུལ་དགོས་ཞེས་གསུངས་པ་དང་།དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གི་ཐུན་མོང་འགན་འཁྲི་ཡིན་པས། རིམ་པ་ཁག་གི་ཏང་ཨུ(ཏང་ཙུའུ)ཡིས་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་ཁུར་ནས་ལམ་སྲོལ་འཛུགས་པ་དང་དཔུང་ཁག་སྟོབས་ཆེར་གཏོང་བ། དྲིལ་བསྒྲགས་རྒྱ་ཆེར་དང་སྟོབས་ཤུགས་གཅིག་སྡུད་བཅས་བྱས་ཏེ་འབྲེལ་ཡོད་སྡེ་ཚན་དང་སྡེ་ཁག་མཐུན་སྦྱོར་གཞོགས་འདེགས་དང་སྤྱི་ཚོགས་སྟོབས་ཤུགས་རྒྱ་ཁྱབ་ཏུ་ཞུགས་རྒྱུར་སྐུལ་དགོས།
ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་རྫོང(གྲོང་ཁྱེར)ཁག་ལ་འཚོགས་ཤིང་། ཁུལ་གྱི་འབྲེལ་ཡོད་མགོ་ཁྲིད་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན།ཁུལ་གྱི་དོན་ལས་ཁེ་ལས་སྡེ་ཚན་གྱི་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་གཙོ་བོའི་ཚོགས་འདུར་ཞུགས་ཡོད།།
(ལྷ་འཛོམས་ཀྱིས་བསྒྱུར།)