国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱིས་དུས་བདེ་འཛུགས་སྐྲུན་དང་གཙོ་གནད་ལས་ཀའི་སྐོར་གྱི2025ལོའི་ཚོགས་འདུ་ཐེངས་གསུམ་པ་དང་ནགས་རྩྭ་མེ་ཟོན་མེ་གསོད་བཀོད་འདོམས་གྲོས་ཚོགས་འཚོགས།

སྤྱི་ཟླ3པའི་ཚེས27ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གི་མངག་བཅོལ་ལྟར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་དུས་བདེ་འཛུགས་སྐྲུན་དང་གཙོ་གནད་ལས་ཀའི་སྐོར་གྱི2025ལོའི་ཚོགས་འདུ་ཐེངས་གསུམ་པ་དང་ནགས་རྩྭ་མེ་ཟོན་མེ་གསོད་བཀོད་འདོམས་གྲོས་ཚོགས་གཙོ་སྐྱོང་གནང་ནས་གཙོ་གནད་ལས་ཀར་བཀོད་སྒྲིག་བྱས་པ་རེད།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲང་ཐུང་རུང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུས་ཆུང་བཅས་གྲོས་ཚོགས་སུ་ཞུགས།

ཧྥུང་ཧྥ་ཀུའེ་ཡིས་སློབ་སྦྱོང་སློབ་གསོ་དང་མེ་ཟོན་ལས་ཀ། ཆོས་ལུགས་ཁྱབ་ཁོངས་སུ་ཁྲིམས་ལྟར་སྲིད་འཛིན་། བྱུར་ཉེས་འགོག་ཟོན། དཔལ་འབྱོར་འཕར་སྣོན་བཅས་ཀྱི་ལས་ཀ་ནན་འཛིན་བྱ་དགོས་ཞེས་གསུངས།

ཚོགས་ཆེན་དེ་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པའི་ཐོག་ནས་རྫོང་ཁག་ལ་འཚོགས་པ་རེད།།