སྤྱི་ཟླ3པའི་ཚེས28ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན། ཏང་ཚན་ཁག་གི་ཧྲུའུ་ཅི་ཧྥུང་ཧྥ་ཀུའེ་ཡིས་ཁུལ་སྲིད་གཞུང་གི་ཏང་ཚན་ཁག་གི2025ལོའི་རྒྱས་འཛོམས་གྲོས་ཚོགས་ཐེངས་གསུམ་པ་གཙོ་སྐྱོང་གནང་ནས་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་འབྲེལ་ཡོད་གྲོས་ཚོགས་དང་ཡིག་ཆའི་སྙིང་དོན་སློབ་སྦྱོང་མཐར་ཕྱིན་བྱས་པ་དང་། ཁུལ་སྲིད་གཞུང་ཏང་ཚན་ཁག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བའི་སློབ་སྦྱོང་སློབ་གསོ་ལས་ཀ་བཀོད་སྒྲིག་བྱས་པར་མ་ཟད། འབྲེལ་ཡོད་གཙོ་གནད་ལས་ཀར་ཞིབ་འཇུག་བྱས་པ་རེད།། (ལྷ་འཛོམས་ཀྱིས་བསྒྱུར།)