国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དུང་སེམས་ཀྱི་འགྱུར་ཁུག

སོར་རྩེའི་འགྱུར་ཁུག་ནས་ཐོན་ཞིང་། །

མགྲིན་པའི་མགུལ་རྒྱན་དུ་བྱས་པའི། །

ལོ་ཟླའི་འཕྲེང་གོག་གི་བྱམས་པ། །

མི་འགྱུར་བདག་འདུན་དུ་གནས་ཡོད། །

ཚོར་འདུ་ཚོགས་དྲུག་གི་རྗེས་ལ། །

བྲིས་པའི་རི་མོ་དེ་མ་བསུབ། །

ཚེ་གང་ཀྱོག་ལམ་གྱི་སྣང་ཡན། །

སོར་དཀར་པིར་རྩེ་ནས་བྲིས་ཡོང་། །

ཕར་ཚུར་དུང་སེམས་ཀྱི་དགའ་འཁྱིལ། །

ང་ཁྱོད་དགའ་ཞེན་གྱི་བརྩེ་མདུད། །

འདྲིས་ཡུན་ལོ་ཟླ་ཡི་རི་མོ། །

ཕྱག་གིས་ཤོག་དཀར་ལ་ཕབ་པ། །

ཕྱི་རོལ་སྣང་བ་འདི་བན་བུན། །

ནང་གི་ཡིད་སེམས་འདི་རྟ་ཕོ། །

ཕྱི་ནང་མི་རྟག་གི་ཞལ་རས། །

མ་བཅོས་རང་གཤིས་སུ་མཇལ་ཡོང་། །

ཚིག་འབྲུ་མང་པོ་ཞིག་ལྡེག་གིན། །

དགའ་སྐྱོ་ཁྲི་མ་འབུམ་ཉར་ནས། །

ནམ་ཟླའི་སྐད་ཅིག་གི་རྗེས་སུ། །

ཕྱིན་སོང་རྗེས་དྲན་གྱི་དན་རྟགས། །

༼ རང་མདངས། ༽