国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁྲོན་ནུབ་མཐོ་སྒང་གི་ཆེས་མཛེས་པའི་ཡུལ་སྡེ།

གྲོང་སྟོད་གྲོང་སྡེའི་ཡུལ་ལྗོངས།

ཞབས་བྲོ་འཁྲབ་སྟོན་པས་གྲོང་སྟོད་གྲོང་སྡེ་རུ་ཕྱག་ཕྲེང་སྐོར་བྲོ་འཁྲབ་པ།

གཉེན་སྟོན་ནང་ཞུགས་པའི་གྲོང་མི།

གཉེན་སྟོན་གྱི་ཡུལ་དངོས།

གྲོང་མི་བསོད་ནམས་གཡང་མཚོས་འོ་མ་འཇོ་བཞིན་པ།

དཀར་མཛེས་ཁུལ་ལྷོ་ནུབ་རྒྱུད་ཀྱི་མཚོ་འཕགས་སྨི2700ཡས་མས་ཀྱི་རོང་ཁུལ་ཞིག་ཏུ་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་བོད་ཁང་དཀར་པོ་མུ་ཏིག་བསྟར་ལ་བརྒྱུས་འདྲ་ཞིག་ཡོད་པ་དེ་ནི་ཕྱག་ཕྲེང་རྫོང་ཕྲེང་སྟོད་གྲོང་རྡལ་གྲོང་སྟོད་གྲོང་སྡེ་རེད། གྲོང་སྟོད་གྲོང་སྡེའི་བོད་ཁང་དཀར་པོར་ཁམས་ཁུལ་གྱི་རྨང་གཞིའི་འཛུགས་སྐྲུན་གྱི་ཁྱད་ཆོས་སོར་འཇོག་བྱས་ཐོག་ཕྱག་ཕྲེང་གི་བོད་ཁང་དཀར་པོའི་བཟོ་ལྟ་དང་ཉམས་འགྱུར། མཛེས་རྒྱན་ལག་རྩལ་དང་མཐོང་ཚོར་གྱི་རྒྱུ་རྐྱེན་གྲུབ་སྟངས་ལས་སྲོལ་རྒྱུན་གྱི་བོད་ལུགས་འཛུགས་སྐྲུན་གྱི་གཞི་རྩའི་ཁྱད་ཆོས་སོར་བཞག་ཐོག་རང་གཤིས་དང་ཐུན་མིན་གྱི་ཁྱད་ཆོས་གང་ལེགས་མཚོན་ཡོད།བོད་ཁང་དཀར་པོ་ནི་ཕྱག་ཕྲེང་གི་ཁྱད་ཆོས་ཤིག་ཡིན་ལ།2013ལོར་གྲོང་སྡེ་དེ་ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེའི་མིང་ཐོ་ཁག་གཉིས་པའི་ནང་ཚུད་པ་རེད།

ཉེ་བའི་ལོ་ཤས་རིང་། གྲོང་སྟོད་གྲོང་སྡེས་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་གསར་སྤེལ་བེད་སྤྱོད་ལས་དོན་ལ་བསྐུལ་ཏེ། ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་རྣམ་པ་གསར་པ་མུ་མཐུད་འཚོལ་ཞིབ་བྱས་ནས་གྲོང་སྡེ་དེ་བས་མཛེས་པ་དང་།ཐོན་ལས་དེ་བས་རྒྱས་པ། གྲོང་མི་དེ་བས་ཕྱུག་པོར་ཆགས་པ་བྱ་རྒྱུ་རེད།།