国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱིས་རྒྱུ་རྐྱེན་གསུམ་ལ་དམིགས་ཏེ་འཚུབ་བསྟུན་ཐག་གཅོད་ནུས་པ་རྒྱུན་མཐུད་ངང་མཐོ་རུ་བཏང་།

འཚུབ་བསྟུན་ཐག་གཅོད་བྱེད་ནུས་མུ་མཐུད་དེ་མཐོ་རུ་གཏོང་ཆེད། རང་ཁུལ་གྱིས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་།སྒྲིག་ཆས་འགན་སྲུང་ལ་ཤུགས་སྣོན་པ།འཚུབ་བསྟུན་གྲ་སྒྲིག་གང་ལེགས་བྱེད་པ་བཅས་རྒྱུ་རྐྱེན་གསུམ་ལ་དམིགས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་ཀྱིན་ཡོད།

རང་ཁུལ་གྱིས་མི2218ཡོད་པའི་རྫོང་རིམ་པའི་ཕྱོགས་བསྡུས་འཚུབ་བསྟུན་རོགས་སྐྱོབ་དཔུང་ཁག18བཙུགས་པ་དང་། ལས་སྒོའི་རྐང་འཛིན70ཡི་སློབ་ཁྲིད་དཔོན་ཚོགས་གྲུབ་ནས་མི2218ལ་ཡོངས་སུ་ཁྱབ་པའི་རེས་འཁོར་སྦྱོང་བརྡར་ལེགས་གྲུབ་བྱས་པ་རེད། ཡུལ་ཤོག(གྲོང་རྡལ)ཕྱོགས་བསྡུས་ཁྲིམས་འཛིན་དཔུང་ཁག273བཙུགས་པ་དང་། འཚུབ་བསྟུན་ཞབས་ཞུའི་ས་ཚུགས273བཙུགས་པ་རེད། ཁེ་ལས་ཀྱིས་ཆེད་ལས་དང་ལས་འགན་གཅིག་ལྕོགས་ཀྱི་བདེ་འཇགས་དཔོན་དང་བདེ་འཇགས་མི་སྣ3801བཀོད་སྒྲིག་བྱས་པ། མི10ནས15བར་གྱི་གྲོང་ཚོ་རིམ་པའི་འཚུབ་བསྟུན་རོགས་སྐྱོབ་རུ་ཆུང་བཙུགས་ནས་རྫོང་ཁོངས་ལ“ཆུ་ཚོད་གཅིག”དང་ཡུལ་ཤོག་དང་གྲོང་རྡལ་ལ“ཆུ་ཚོད་ཕྱེད”ལས་མི་དགོས་པའི་འཚུབ་བསྟུན་རོགས་སྐྱོབ་དང་ལེན་ཐུབ་པ་རེད།

དེ་དང་ཆབས་ཅིག་ཀྲུང་དབྱང་དང་ཞིང་ཆེན་གྱི་མ་དངུལ་སྒོར་དུང་ཕྱུར1.9437བརྩོན་ལེན་བྱས་ཏེ་རང་བྱུང་གནོད་འཚེའི་འཚུབ་བསྟུན་ནུས་པ་ཆེ་རུ་གཏོང་བ་དང་། ཁུལ་དང་རྫོང་། ཡུལ་ཤོག་རིམ་པ་གསུམ་གྱི་དཔུང་ཁག་ལ་ས་འགུལ་ས་གཤིས་གནོད་འཚེ་རོགས་སྐྱོབ་དང་ནགས་ཚལ་རྩྭ་ཐང་མེ་སྐྱོན་གསོད་སྐྱོབ་སོགས་རིགས་ཆེན་ལྔའི་སྒྲིག་ཆས5176བཀོད་སྒྲིག་བྱས་པ་དང་། རིམ་པIIIཡིན་པའི་འཚུབ་བསྟུན་ཉེན་གཡོལ་བྱ་ཡུལ56བསྐྲུན་པ། གནོད་སྐྱོབ་དངོས་ཟོག་སྣ་ཚོགས་ཁྲི80.3མཛོད་འཇུག་བྱས་པ་རེད།།

(ལྷ་འཛོམས་ཀྱིས་བསྒྱུར།)