国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གནམ་རྒན་མ།

ཉིན་དེའི་ཞོགས་པར།

གནམ་རྒན་མ་ཐུགས་དགྱེས་འདུག།

གདོང་ལ་སྤྲིན་དཀར་གྱི་འཛུམ་མདངས་མངོན།

ཕྱག་ཟུང་པད་ཀོར་གྱི་གཟུགས་སུ་བྱས་ཏེ།

གནམ་རྒན་མ་གཞན་ཞིག་ལ་མཆོད་

པ་འབུལ་གྱིན་འདུག།

དོ་མི་མཉམ་པའི་གནམ་ས་གཉིས་ཀྱི་བར་ནས།

གནམ་རྒན་མས་ཤིན་ཏུ་འཐད་པའི་

རྣམ་འགྱུར་ཅིག།

གདོང་ལ་ལེན་གྱིན་གནམ་རྒན་མ་གཞན་དག་ལ།

མཆོད་པ་དང་སྨོན་ལམ་ནན་ཞུ་བྱེད་ཀྱིན་འདུག།

ས་སྟེང་གི་ང་དང་ང་ཚོ་འདྲ་བའི་རྩི་

ཤིང་ཆུང་ཆུང་དག།

ཕན་ཚུན་གྱི་གདོང་ལ་ལྟ་ཙམ་

ལྟ་ཙམ་བྱེད་པ་ལས།

ངག་ནས་ཚིག་གཅིག་ཀྱང་འཁྲོལ་

གྱིན་མེད་ལ་སྨྲ་ཡང་མི་ནུས།

གནམ་ལ་ཅེར་ནས་གནམ་རྒན་

མ་ཁོ་ན་ལ་རེ་འབོད་བྱས།

ཉིན་དེའི་ཕྱི་དྲོ་ཙམ་ན།

ཁུར་མོང་གི་འདབ་མ་འགའ།

ནམ་མཁའ་ལ་ཆས་བཞིན་འདུག

ངའི་སེམས་སུ་གནམ་རྒན་མ་ལ་རེ་ཞུ་དང་།

སྨོན་འདུན་ཁུར་ཏེ་འགྲོ་བ་ཨེ་ཡིན་སྙམ།

༼ ཧུན • དུར་རོ། ༽