国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞི་ཅིན་ཕིང་གིས་གཉིས་བཀུར་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་།

བྲག་རྡོ་ལྟ་བུའི་དམག་སྲིད་དང་དམག་དམངས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏང་དགོས།རང་རེའི་མི་དམངས་ལ་དགའ་བ་དང་རང་རེའི་དམག་ལ་དགའ་བའི་དུས་རབས་ཀྱི་ལེའུ་གསར་པ་མུ་མཐུད་དེ་མཉམ་དུ་བྲི་དགོས།

ལི་ཆང་རྒྱལ་ཡོངས་གཉིས་བཀུར་དཔེ་སྟོན་གྲོང་ཁྱེར(རྫོང)མིང་འདོགས་ཚོགས་ཆེན་དུ་ཞུགས་པ་དང་འབྲེལ་གསུང་བཤད་གནང་།

ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཉིས་བཀུར་ལས་དོན་ཐད་ལ་མཛུབ་སྟོན་གལ་ཆེན་གནང་དོན། དམག་བཀུར་ཁྱིམ་སྐྱོང་དང་སྲིད་སྐྱོང་དམངས་བརྩེ་ནི་ང་ཚོའི་ཏང་དང་རང་དམག་རང་རྒྱལ་མི་དམངས་ཀྱི་སྲོལ་རྒྱུན་བཟང་པོ་དང་དམིགས་བསལ་ཀྱི་ཆབ་སྲིད་ལེགས་ཆ་ཡིན། རྒྱང་སྐྱོད་གསར་པར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་མཐའ་འཁྱོངས་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས། བསྒྱུར་བཅོས་དང་གསར་གཏོད་མཐར་ཕྱིན་དུ་གཏོང་བ། སྲིད་ཇུས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གཉིས་བཀུར་ལས་དོན་ལ་རྒྱུན་ཆད་མེད་པར་ཡར་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏང་དགོས། ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་དཔུང་སྡེ་འཛུགས་སྐྱོང་དང་བསྒྱུར་བཅོས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་རྒྱ་ཆེ་བའི་དཔོན་དམག་ལ་རང་སྐུལ་ངང་སེམས་ཁྲལ་བསལ་ནས་རྒྱལ་སྲུང་ལ་སེམས་ཁུར་དང་། དམག་དཔུང་ལ་དགའ་བ། དམག་མི་ལ་བརྩི་བཀུར་བཅས་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་སྔར་བས་གཏོད་དགོས། དམག་དཔུང་གིས་དམིགས་ཡུལ་གྱི་འདུ་ཤེས་བརྟན་པོ་བཅངས་ནས་ས་གནས་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རོགས་སྐྱོར་ཧུར་ཐག་བྱས་ཏེ་དངོས་ཡོད་བྱ་སྤྱོད་ལ་བརྟེན་ནས་མི་དམངས་ལ་བདེ་སྐྱིད་དང་ཁེ་ཕན་བསྐྲུན་དགོས། ( པར་ངོས་གཉིས་པར་གཟིགས།)