国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་ལ“རྒྱལ་ཡོངས་གཉིས་བཀུར་དཔེ་སྟོན་ གྲོང་ཁྱེར”གྱི་མཚན་སྙན་ཐོབ།

ཧྲེན་དབྱང་པེ་ཅིང་དུ་ཚོགས་འདུར་ཞུགས།

སྤྱི་ཟླ4པའི་ཚེས23ཉིན།རྒྱལ་ཡོངས་གཉིས་བཀུར་དཔེ་སྟོན་གྲོང་ཁྱེར(རྫོང་)མིང་འདོགས་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་དང་སི་ཁྲོན་གྱི་གྲོང་ཁྱེར་དང་ཁུལ15དང་རྫོང(གྲོང་ཁྱེར་དང་ཆུས)6རྒྱལ་ཡོངས་གཉིས་བཀུར་དཔེ་སྟོན་གྲོང་ཁྱེར(རྫོང་)དུ་བདམས་ཤིང་།དཀར་མཛེས་ཁུལ་ལ“རྒྱལ་ཡོངས་གཉིས་བཀུར་དཔེ་སྟོན་གྲོང་ཁྱེར”གྱི་མིང་བཏགས་པ་དང་།གཟེངས་རྟགས་དེ་ནི་དཀར་མཛེས་ཁུལ་ལ་ཐོག་མར་ཐོབ་པ་ཡིན།

ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་རྒྱུན་ཨུ། དཀར་མཛེས་ཡན་ལག་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཧོ་ཞིན་ཅིན་གྱིས་དཀར་མཛེས་ཁུལ་གྱི་དམག་ཁག་དང་ས་གནས་ཕྱོགས་གཉིས་ཀྱི་ཚབ་ཞུས་ཏེ་པེ་ཅིང་དུ་ཚོགས་འདུར་ཞུགས་པ་དང་། ཧྲེན་དབྱང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་བརྙན་འཕྲིན་ལས་ཁུངས་ཀྱི་ཀྲུང་དབྱང་རླུང་འཕྲིན་ལེ་ཚན《ཀྲུང་གོའི་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མི》ཡི་བཅར་འདྲི་དང་ལེན་བྱས་པ་རེད།

དཀར་མཛེས་ཁུལ་ནི་ཀྲུང་གོ་གསར་པའི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་དང་པོ་དེ་ཡིན་པའི་ངོས་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས། བོད་ལྗོངས་ལས་བྱེད་རྒན་པའི་སྙིང་སྟོབས་བཅས་གྲུབ་པའི་ས་ཆ་གལ་ཆེན་ཞིག་དང་རྒྱ་བོད་མི་རིགས་མཉམ་འདྲེས་ཀྱི་བར་ཁྱམས།མཐའ་སྐྱོང་བོད་བརྟན་བརླིང་འཐབ་ཇུས་ཀྱི་འགག་རྩ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་རང་ཁུལ་གྱིས་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་ལེན་མཐར་ཕྱིན་བསྟར་བ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“དུས་བབ་གསར་པའི་འོག་གཉིས་བཀུར་ལས་དོན་ལ་ཤུགས་སྣོན་རྒྱུ་ལས་ཉམས་ཞན་དུ་གཏང་མི་རུང”ཞེས་པའི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བ་གཙོ་བོར་བྱེད་པ་དང་། “རྒྱལ་ཡོངས་གཉིས་བཀུར་དཔེ་སྟོན་གྲོང་ཁྱེར”འཛུགས་སྐྱོང་བྱ་རྒྱུ་སྤྱི་འདོམས་བྱེད་པ།“གནས་མཆོག་དཀར་མཛེས།བརྩེ་བ་ཟབ་མོའི་གཉིས་བཀུར”གྱི་གཙོ་དོན་འབུར་དུ་ཐོན་པར་བྱེད་པ། “མི་རིགས་མཐུན་སྒྲིལ་ཆེན་པོ་དང་དམག་དམངས་ཁྱིམ་ཚང་གཅིག་ལྟར་མཐུན”པའི་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་བ་བཅས་བྱས་ནས་དམག་སྲིད་དང་དམག་དམངས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་རྒྱུན་མཐུད་ངང་སྲ་བརྟན་དང་འཕེལ་རྒྱས་བཏང་ཡོད།།

( ལྷ་འཛོམས་ཀྱིས་བསྒྱུར།)