国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁྱབ་ཁོངས་ཆེན་པོ་དྲུག་གི་གནད་དོན་གྱི་ཁུངས་སྣེ་ཡོངས་བསྒྲགས་ངང་བསྡུ་ལེན་བྱས།

རང་ཁུལ་གྱིས་ཁེ་ལས་དང་འབྲེལ་བའི་ཁྲིམས་འཛིན་ཆེད་དོན་བཅོས་སྒྲིག་བྱས།

ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཁྲིམས་འཛིན་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་། ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཁྲིམས་འཛིན་བྱ་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་བ། ཤུགས་ཡོད་རྒུས་བརྟན་བརླིང་དང་དྲང་གཞག། སྔོན་དཔག་ཐུབ་པའི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་སྐྲུན་ཆེད།2025ལོའི་ཟླ་བ4ཚེས21ཉིན་ནས2025ལོའི་ཟླ་བ10ཚེས31ཉིན་བར་ཁུལ་ཁྲིམས་འཛིན་སྲིད་འཛིན་མ་ལག་གིས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་སྒྲིག་འགལ་གྱིས་གཞན་སར་ཁྲིམས་འཛིན་དང་། ཁེ་ཕན་བརྩོན་ལེན་རང་བཞིན་གྱི་ཁྲིམས་སྤྱོད་བྱེད་པ། དེ་བཞིན་གང་བྱུང་གྲོན་དངུལ་བསྡུས་པ། དངུལ་ཆད་གང་བྱུང་གཅོད་པ། ཞིབ་བཤེར་གང་བྱུང་བྱེད་པ། བཀག་སྡོམ་གང་བྱུང་བྱེད་པ་སོགས་ཁྱབ་ཁོངས་དྲུག་གི་གནད་དོན་ཆེད་དོན་བཅོས་སྐྱོང་བྱ་རྒྱུའི་གཏན་འབེབས་བྱས་པར་མ་ཟད། སྤྱི་ཚོགས་ལས་རིགས་ཁག་ལ་ཕྱོགས་ནས་ཁྲིམས་འགལ་ཁྲིམས་འཛིན་གནད་དོན་གྱི་ཁུངས་སྣེ་ཡོངས་བསྒྲགས་ངང་བསྡུ་ལེན་བྱ་རྒྱུ་རེད།

ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲིག་དེ་གནད་དོན་དྲུག་ལ་དམིགས་ཡོད། ཁྲིམས་འགལ་གྱིས་གཞན་སར་ཁྲིམས་འཛིན་བྱེད་པའི་ཐད་ལ་ས་ཁོངས་ལས་བརྒལ་ཞིང་། དབང་ཆ་ལས་བརྒལ་ནས་ཁྲིམས་འཛིན་བྱེད་པ་དང་། རང་འདོད་དུ་བདག་སྐྱོང་དམིགས་འཛུགས་བྱེད་པ་སོགས་ཀྱི་གོ་རིམ་རྙོག་འཛིང་གནས་ཚུལ་ཞིབ་བཤེར་ནན་པོ་བྱ་རྒྱུ། ཁེ་ཕན་དོན་གཉེར་རང་བཞིན་གྱི་ཁྲིམས་འཛིན་ཐད་ལ་ཆད་གཅོད་དང་གཞུང་བཞེས་ཀྱི་དམིགས་ཚད་ཕབ་པ་དང་།ཟ་ལེན་བཀག་སློང་སོགས་དབང་སྤྱོད་སྒེར་འཚོལ་བྱེད་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏང་དགོས། གང་བྱུང་དུ་གྲོན་དངུལ་བསྡུ་བའི་ཐད་ལ་རིན་དངུལ་ཨ་བསྡུ་བསྐྱར་བསྡུ་བྱེད་པ་དང་བཙན་ཤེད་ཀྱིས་འོས་སྦྱོར་ཞབས་ཞུ་དམིགས་འཛུགས་བྱེད་པ་སོགས་སྒྲིག་འགལ་བྱ་སྤྱོད་བཅོས་སྒྲིག་བྱ་དགོས། དངུལ་ཆད་གང་བྱུང་དུ་གཅོད་པའི་ཐད་ལ་གང་འདོད་དུ་ཆད་གཅོད་དམིགས་ཚད་མཐོ་ཤོས་ཀྱི་ཆད་གཅོད་དང་།“གྱོད་གཞི་གཅིག་ལ་ཆད་གཅོད་མི་འདྲ་བ།”དངུལ་ཆད་དང་གཞུང་བཞེས་བྱས་པའི་རྒྱུ་ནོར་ཐག་གཅོད་འོས་འཚམ་མེད་པ་སོགས་ཀྱི་གནད་དོན་གཏན་འགོག་བྱ་དགོས། གང་བྱུང་དུ་ཞིབ་བཤེར་བྱེད་པའི་ཐད་ལ་ཐོབ་ཐང་མེད་པའི་ཞིབ་བཤེར་དང་།ཞིབ་བཤེར་ཐེངས་མང་བསྐྱར་ཟློས་བྱེད་པ་སོགས་ཁེ་ལས་ལ་རྙོག་དྲ་བཟོ་བའི་བྱ་སྤྱོད་གཙང་བཤེར་བྱ་དགོས། གང་བྱུང་དུ་བཀག་སྡོམ་བྱེད་པའི་ཐད་ལ་ཞིབ་བཤེར་ཆོག་མཆན་མེད་ཀྱང་གང་འདོད་དུ་བཀག་སྡོམ་བྱེད་པ་དང་གྱོད་དོན་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་དུས་བརྒལ་ནས་ཐག་གཅོད་བྱེད་པ་སོགས་སྒྲིག་འགལ་གྱི་བཀོལ་སྤྱོད་བཅོས་སྒྲིག་བྱ་དགོས།

གཏན་འབེབས་བྱས་པའི་དུས་ཚོད་ནང་སྤྱི་འབངས་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་གིས་ཁུལ་ཡོངས་ཀྱི་སྲིད་འཛིན་ཁྲིམས་འཛིན་སྡེ་ཁག་ལ་གོང་གི་གནད་དོན་ཐེར་འདོན་བྱེད་སྐབས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཁྲིམས་འཛིན་ཅུས་ཀྱིས་མངའ་ཁོངས་སུ་དོ་དམ་རྩ་དོན་ལྟར་སོ་སོར་བདག་སྤྲོད་བྱ་དགོས། ཁ་པར་ཐེར་འདོན་བདག་སྤྲོད་བྱེད་པའི་དུས་ཚོད་ནི་ལས་ཀ་སྒྲུབ་ཉིན་གྱི་ལས་ཞུགས་དུས་ཚོད་ཡིན། ཁུངས་སྣེ་ཞིབ་བཤེར་གྱི་ཕན་འབྲས་དངོས་ཁག་ཐེག་བྱ་ཆེད། ཐེར་འདོན་བྱེད་མཁན་གྱིས་གནད་དོན་ཐོན་སྐབས་ཀྱི་དུས་ཚོད་དང་ས་གནས། དོན་རྐྱེན་དང་འབྲེལ་ཡོད་བྱེད་པོ། དེ་བཞིན་འབྲེལ་ཡོད་དཔང་རྟགས་རྒྱུ་ཆ་བཅས་མཁོ་འདོན་བྱ་དགོས། གཞན་ཡང་སྲིད་འཛིན་བསྐྱར་གྲོས་དང་གཏུག་བཤེར་གྱི་གོ་རིམ་ནང་ཞུགས་ཟིན་པའི་གྱོད་གཞི་དག་བསྡུ་ལེན་གྱི་ཁྱབ་ཁོངས་སུ་ཚུད་མེད།།

( ལྷ་འཛོམས་ཀྱིས་བསྒྱུར།)